ཁུལ་ཨུའི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུ་དང་ཁུལ་ཡོངས་ཀྱི་ལས་བྱེད་པ་གཞི་རིམ་དུ་སྐྱོད་དེ"སློབ་སྦྱོང་གཅིག་དང་འཆད་ཁྲིད་གཉིས། སྐུལ་འདེད་གསུམ། མཐོར་གཏོང་བཞི"ཡི་བྱེད་སྒོ་སྤེལ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས།ཤ་བོ་སྐྱབས་ཀྱིས་གཏམ་བཤད་གནང་ལ། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་པ།

ཟླ2པའི་ཚེས29ཉིན། ཁུལ་ཨུའི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུ་དང་ཁུལ་ཡོངས་ཀྱི་ལས་བྱེད་པ་གཞི་རིམ་དུ་སྐྱོད་དེ"སློབ་སྦྱོང་གཅིག་དང་འཆད་ཁྲིད་གཉིས། སྐུལ་འདེད་གསུམ། མཐོར་གཏོང་བཞི"ཡི་བྱེད་སྒོ་སྤེལ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི"ཞིང་གསུམ"བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་གྲོང་གསེབ་དང་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བྱ་བར་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ། ཉམས་མྱོང་བརྗེ་རེས་བཅས་བྱས་ནས2024ལོའི“ཞིང་གསུམ”བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་ཕེབས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཏོད་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་དམིགས་ཚད་ལ་གཞིགས་ནས་བྱ་ཐབས་གཏན་འཁེལ་དང་དོན་འཁྱོལ་ལ་དམ་འཛིན་གྱིས་དཀའ་གནད་སེལ་བ་དང་གནད་དོན་སྒྲོལ་བ་བཅས་བྱས་ཏེ་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་གནས་བབ་སྔར་བས་བརྟན་དུ་བཏང་བ། ཁྱད་ལྡན་ལེགས་ཆ་དེ་བས་མངོན་གསལ་དོད་པོར་བཏང་བ། རྨང་གཞིའི་སྒྲིག་བཀོད་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་དེ་བས་མངོན་གསལ་དོད་པོར་བཏང་བ། གྲོང་གསེབ་བཅོས་སྐྱོང་གི་ནུས་པ་དེ་བས་ཆེ་རུ་ཕྱིན་ནས་བྱ་བ་སོ་སོར་གཙོ་གནད་ཐོད་བརྒལ་དང་གནས་མང་པོར་འབྲས་བུ་སྨིན་ཞིང་ཕྱོགས་ཡོངས་ལེགས་པའི་ཕྱོགས་སུ་འཕེལ་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། རྨོ་ཞིང་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཉམས་གསོ་བདག་སྐྱོང་གི་ས་ཞིང་ཆུ་བེད་སོགས་ཀྱི་བཟོ་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་རྨོ་ཞིང་གི་ས་བཅུད་སྲུང་སྐྱོབ་སོགས་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་དགོས་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་གི་དམིགས་ཚད་རྒྱ་ཆེར་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གཙོ་ཁྲིད་ཐོན་ལས་ཆེ་གྲས་ལྔ་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ་དང་ཁུལ་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚོད་ལྟའི་དཔེ་སྟོན་གླིང་གི་སོན་བཟང་འདེམས་གསོ་དང་ཚན་ཞིབ་ཁྱབ་གདལ་སོགས་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཁག་ཅིག་གསར་དུ་སྐྱེད་སྲིང་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཧྲན་ཏུང་ཞིང་ཆེན་དང་རོགས་སྐྲུན་ཀྲུང་དབྱང་ཁེ་ལས་དབར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་སྤུས་ལེགས་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས"ཕྱི་ཕྱོགས་སུ་སྐྱོད་རྒྱུར"སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ལས་དེ་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར། ལུས་རྩལ་སོགས་ཀྱི་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ"འགན་ལེན་གསུམ"གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང"ངས་མང་ཚོགས་ལ་བདེ་སྐྱིད་ཀྱི་རྩིས་རྒྱག་པའི"བྱེད་སྒོ་ཡག་པོར་སྤེལ་ནས་གྲོང་གསེབ་དར་སྤེལ་གྱི"གཏམ་རྒྱུད"ཡག་པོར་བཤད་པ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། སྡེ་བའི་མཉམ་སྡེབ་ཀྱི"སྡེ་བ་སྟོབས་ཆེར་གཏོང་བའི"བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དབུལ་སྒྲོལ་མི་འབོར་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས། "321"བཟོ་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་འོས་འགན་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་དང་སྔོ་ལྗང་འདེབས་འཛུགས་རྒྱ་སྐྱེད་དང་སྔོ་ལྗང་ཁ་གསབ་བྱེད་པའི་འགུལ་སྐྱོད་གཏིང་ཟབ་སྤེལ་བ་དང་རོང་འབྲོག་ཁུལ་གྱི"གསང་སྤྱོད་གསར་བརྗེ"ལ་སྐུལ་འདེད་བཏང་ནས་གནས་སྡོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཡུལ་ཚོ་དང་གྲོང་རྡལ་གྱི"བཅུ་ལྡན"བཟོ་སྐྲུན་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། གྲོང་ཚོའི(ཧྲེ)"བཅུ་ལྡན"བཟོ་སྐྲུན་གསར་གཏོད་དང་སྐུལ་འདེད་གཏོང་བ། "ཧྥེང་ཆའོ་ཉམས་མྱོང"དང"པད་མའི་ཉམས་མྱོང" "ཆུང་བ་དྲུག"གི་འདུམ་གཅོད་བཅའ་ཁྲིམས་བཅས་ཁྱབ་གདལ་ཤུགས་ཆེན་གཏོང་བ། "མེད་པ་བརྒྱད་དང་ཡོད་པ་དྲུག"གི་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་གྲོང་གསེབ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས། བསམ་པའི་བཙན་ས་གཏོད་རྒྱུར་དམིགས་ནས་ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་གྲོང་གསེབ་དང་འབྲོག་ཁུལ་དུ་སྣུར་བསྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་ཡོན་ལྡན་པའི་ཡུལ་སྲོལ་དང་ཁྱིམ་སྲོལ་བཟང་པོ། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་བཅས་ཆགས་པར་སྐུལ་འདེད་གཏོང་དགོས། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་ལ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མགོ་ཁྲིད་ལས་བྱེད་པས"1+10"གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི"4+1+N"འགན་གཙང་ལེན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་མ་དངུལ་འགན་ལེན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣར་འདེགས་སྐྱོར་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ལྟ་སྐུལ་མཛུབ་ཁྲིད་བྱ་བ་སྤེལ་ཏེ་མཚོ་བྱང་ཁུལ་གྱི"ཞིང་གསུམ"བྱ་བ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་སྐབས་ནན་གྱིས་བསྟན་དོན། ངོས་འཛིན་མཐོ་རུ་བཏང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལ་དམིགས་ཏེ་གནད་དོན་གྱི་གསལ་ཐོ་བཟོ་བ་དང་གཙོ་གནད་བྱ་བའི་གསལ་ཐོ་བཟོས་ཏེ་བྱ་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་འཕར་ཕན་འཕར་དང་རོང་འབྲོག་ཁུལ་འཆམ་མཐུན་བརྟན་ལྷིང་། རོང་འབྲོག་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བའི་འགན་ལེན་བྱེད་པ་དང་། གཙོ་གནད་ལ་དམིགས་ཏེ"འགན་ལེན་གཉིས"མཐའ་ཚད་དུ་བྱེད་པ་དང"མཐོར་གཏོང་གསུམ"གཙོ་གནད་དུ་བྱེད་པ། "ཤུགས་སྣོན་གཉིས"ལ་མཐོང་ཆེན་བྱེད་པ་དང་། "གྲངས་ཚད་བརྟན་པོ་དང་སྤུས་ཚད་མཐོར་གཏོང་། རྒྱུན་བསྲིང་། རྒྱ་སྐྱེད། ཕན་འབྲས་ཆེར་གཏོང"བཅས་ཀྱི་ཐད་ཞིབ་ཕྲའི་བྱ་ཐབས་བཏོན་ནས་ཁུལ་ཡོངས་ཀྱི་ཐོན་ལས་དང་པོ4.5%ཡན་དུ་འཕར་བ་དང་རོང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ7%ཡན་དུ་འཕར་བར་འགན་ལེན་བྱེད་དགོས། མགོ་ཁྲིད་ལ་ཤུགས་སྣོན་པ་དང་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ་བཅས་ཀྱི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་ཡག་པོ་བྱེད་དགོས་ཤིང་། "ཁྲི་སྟོང་བཟོ་སྐྲུན"ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ་བེད་སྤྱོད་གཏོང་བ། དཔྱིད་འདེབས་དང་ལུ་གུ་སྐྱེ་འཚར་བྱུང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་རིན་གོང་བརྟན་པོ་དང་མཁོ་སྤྲོད་འགན་ལེན་སོགས་ཀྱི་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ་ལུད་དང་ས་བོན་སོགས་ཞིང་ལས་རྒྱུ་ཆ་གཏོང་འདྲེན་དང་གསོག་འཇོག་བྱེད་པ་ཇེ་མགྱོགས་སུ་བཏང་ནས་ཁུལ་ཡོངས་ཀྱི"ཞིང་གསུམ"བྱ་བའི་མགོ་ཡག་པོར་བཙུགས་ནས་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག ཧྲི་ཧུང་ཀྲན་གྱིས་ཁུལ་ཡོངས་ཀྱི་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་བཀོད་སྒྲིག་བྱས་པ་དང་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས2024ལོའི"ཞིང་གསུམ"གྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། <<ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད"དཔེ་སྟོན་གྲོང་ཚོ་སྟོང"དང"བཅོས་སྒྲིག་གྲོང་ཚོ་ཁྲི"ཡི"བཟོ་སྐྲུན་ཉམས་མྱོང་ལག་ལེན་མཐར་ཕྱིན་དང་སློབ་སྦྱོང་བེད་སྤྱོད་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར>>དང<<མཚོ་བྱང་ཁུལ་གྱིས"ཁྲི་སྟོང་བཟོ་སྐྲུན"ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་མཚོ་བྱང་གི་གནས་སྡོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ལོ་ལྔའི་འགུལ་སྐྱོད་ཇུས་གཞིར>>གྲོས་ཞིབ་བྱས་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་བརྗེ་རེས་གཏམ་བཤད་སྤེལ།

ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ལ། ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་། ཨ་ཁྱུང་། སུང་ཞུག་ཙུང་། ལའེ་མིན། ཝང་ཞིང་ཧོས། ཧ་ཝུན་ཞུག ལུང་དབྱང་ཧྲེང་། མ་ཝུན་ཆོན། ཁྲིན་ཡུང་ཅེ་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号