ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་སྐྱེད)ཚོགས་འདུ་འཚོགས་ནས་རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅིས་བྱ་བའི་འགན་ཁུར་ལམ་ལུགས་ཀྱི་ལས་འགན་སྒྲུབ་ཚུལ་ལ་ཉན་ནས་གྲོས་གཅོད་བྱས།
ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་དཔྱད་བརྗོད་གསུང་བཤད་གནང་། ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས།
ཟླ2པའི་ཚེས3ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་སྐྱེད)ཚོགས་འདུ་འཚོགས་ནས《2023ལོའི་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་སྙན་ཞུ》དང《 ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྩ་འཛུགས་པུའི་ཁུལ་ཡོངས་ཀྱི2023ལོའི་ལོ་འཁོར་མོའི་རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱས་ཚུལ་སྐོར་གྱི་སྙན་ཞུར》ཉན་ལ། རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅིས2023ལོའི་ལོ་འཁོར་མོའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱས་པའི་འགན་ཁུར་ལམ་ལུགས་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་ཁུར་ལམ་ལུགས་ལག་བསྟར་བྱས་ཚུལ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་ཚུལ་བཅས་ལ་ཉན་ནས་གྲོས་གཅོད་བྱས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་དཔྱད་བརྗོད་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་ཚོགས་འདུར་ཕེབས།
ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱས་པའི་ཐད་རིམ་པ་བཞིན་དཔྱད་བརྗོད་སྤེལ་ནས་མི་འདང་ས་བསྟན་ནས་བྱ་བའི་བླང་བྱ་བཏོན། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པའི་ཐད་མུ་མཐུད་ཤུགས་སྣོན་དགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་སྣེ་ཁྲིད་དུ་བཟུང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕུགས་བསམ་དང་དད་སེམས་སྔར་ལས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་ཡིད་ལ་བརྟན་པོར་བཅངས་པ། ཏང་གཤིས་སྦྱོང་བརྡར་དང་གོ་རྟོགས་སད་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། འགན་ཁུར་དོན་འཁྱོལ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པའི་ཐད་ཡང་བསྐྱར་ཤུགས་སྣོན་དགོས་ཏེ། ཧྲུའུ་ཅི་དམ་འཛིན་དང་ཧྲུའུ་ཅིས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་གི་བྱ་བར་དམ་འཛིན་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་སྟེ་གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་གཏིང་ཟབ་དང་ཞིབ་ཚགས་སུ་བཏང་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་སྐུལ་སྤེལ་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བའི་ཐད་ཡང་བསྐྱར་སྲ་བརྟན་དུ་གཏོང་དགོས་ཏེ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ“གཞི་རིམ་དུ་སྐྱོད་པ་བཞི”ལག་བསྟར་གཏིང་ཟབ་བྱས་ནས་མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང“ཐོ་འགོད་གཉིས”སོགས་ཀྱི་བྱ་བའི་ལམ་ལུགས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། དངོས་སྒྲུབ་ཀྱི་འགན་འཁྲི་འཁུར་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་དགོས་ཏེ། གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས་རྫོང་སོ་སོའི་ཏང་འཛུགས་སྐྱོང་གི་ཆས་རྟགས་གཏོད་རྒྱུའི་འཆར་འགོད་ནན་ཏན་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན་སྲ་བརྟན་དང་མཐོ་རུ་གཏོང་བ། སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་ལག་བསྟར་བྱ་རྒྱུའི་འཚོལ་ཞིབ་བྱེད་པ། སྡེ་བ་རིམ་པའི་རྗེས་གྲབས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཏང་ཡོན་རིགས་དབྱེའི་སློབ་གསོ་དོ་དམ་སོགས་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་ཏན་ཏིག་བྱེད་དགོས་ཟེར།
ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་འདུ་ཤེས་འཛིན་སྟངས་བྱ་བའི་འགན་ཁུར་ལམ་ལུགས་ཀྱི་ལས་འགན་སྒྲུབ་ཚུལ་ལ་ཉན་རྗེས། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། བྱེད་པོའི་འགན་ཁུར་ཏན་ཏིག་འཁུར་དགོས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་འདུ་ཤེས་འཛིན་སྟངས་བྱ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློའི་ངོས་འཛིན་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་འདུ་ཤེས་འཛིན་སྟངས་བྱ་བའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས་རང་རྟོགས་ངང་བྱེད་པོའི་འགན་ཁུར་ཕྲག་ཏུ་འཁུར་བ་དང་ལག་ཏུ་འཛིན་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། སྤྱོད་གཙང་གི་ཉེན་ཁ་གྲལ་བཤེར་དང་བཅོས་སྒྲིག་བྱེད་དགོས་ཏེ། རིམ་པ་སོ་སོའི“མགོ་ཁྲིད་གཙོ་བོ”དང་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་ལྟ་སྐུལ་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་འཐུས་ཚང་དུ་བཏང་ནས“འགག་རྩའི་ཉུང་ཤས”དང“འགག་རྩའི་ལས་གནས” “འགག་རྩའི་ཁྱབ་ཁོངས”བཅས་ཀྱི་སྤྱོད་གཙང་གི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་སྤྱོད་གཙང་གི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་རྩ་བ་ནས་སེལ་དགོས། ཕྱོགས་ཡོངས་ནས་དཔོན་རིགས་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཏེ།“ཡོད་པ་བདུན”གྱི་གནད་དོན་དང་གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ནས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་སོགས་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི“གདོང་ལེན་གཡུལ་ས”བེད་སྤྱོད་གང་ལེགས་བྱས་ཏེ“རུལ་མི་ཕོད་པ་དང་རུལ་མི་ནུས་པ། རུལ་མི་འདོད་པ”བཅས་ཀྱི་ལམ་སྲོལ་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་དག་ཐེར་བྱེད་དགོས་ཏེ། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་དང་སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང“ཁྱབ་ཁོངས་གསུམ་དབྱེ་འབྱེད”གནད་སྨིན་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་དེ“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་ཞིབ་ཕྲའི་ལག་ལེན་ཁྲོད་དོན་འཁྱོལ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གོ་སྐབས་དམ་འཛིན་དང་དངོས་འཛིན་དངོས་སྒྲུབ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས་ཏེ།“གྲོས་གཞི་དང་པོའི་ལམ་ལུགས”རྒྱུན་འཁྱོངས་བྱེད་པ་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་ཏང་གི་སློབ་གྲྭ་སོགས་ཀྱི་གཡུལ་ས་ཡག་པོར་འཛུགས་པ་དང་བེད་སྤྱོད་ཡག་པོ་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། ཚན་རིག་པའི་སྙིང་སྟོབས་དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས་སོགས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད་ནས་ཏང་ཡོན་ལས་བྱེད་པས་དངོས་སྒྲུབ་གཙོ་བོར་འཛིན་པའི་སྤྲོ་སེམས་དང་ངར་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱེད་དགོས། དྲིལ་སྒྲོག་གླེང་ཕྱོགས་ཀྱི་ཡང་དག་པའི་ཁྲིད་སྟོན་བརྟན་པོར་འཛུགས་དགོས་ཏེ། མགོ་ཁྲིད་གཙོ་བོའི་སྲིད་ཇུས་སྒྲོག་འགྲེལ་གྱི“འགན་འཁུར་བ་དང་པོའི”འགན་ཁུར་ནན་དུ་བཏང་ནས་རྒྱུན་གཏན་རང་བཞིན་ངང་བརྗོད་དོན་དྲིལ་སྒྲོག་སྒྲོག་འགྲེལ་བྱ་བ་ཡག་པོར་སྤེལ་བ་དང་། སྨྱན་སྦྱོར་ལས་སྟེགས་འཛུགས་སྐྱོང་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ནས་ཁྱུག་དབྱིངས་དང་པོད་འཕྲིན། སྐད་འཕྲིན་བརྙན་སྟེགས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་སུ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ་མཚོ་བྱང་གི་རིག་གནས་དང་མཚོ་བྱང་གི་ཡིད་དབང་འཕྲོག་ཤུགས། མཚོ་བྱང་གི་ཉམས་འགྱུར་བཅས་གང་ལེགས་མངོན་པར་བྱེད་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཏེ། གཞི་རིམ་གྱི་རིག་གནས་བྱ་འགུལ་སྤེལ་སའི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སྤྱི་ཚོགས་ཀྱི་སྤྱི་ཆིངས་དང་སྒྲིག་སྲོལ་སྣ་ཚོགས་འཐུས་ཚང་དུ་གཏོང་བ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ་འཁོར25ལོན་པར་དྲན་གསོ་ཞུ་བའི་མུ་འབྲེལ་བྱེད་སྒོ་ཡག་པོར་སྤེལ་བ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། ཁྱད་ལྡན་ལུས་རྩལ་འགྲན་བསྡུར་ཏན་ཏིག་སྤེལ་བ་བཅས་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་མུ་མཐུད་གཏོད་དགོས་ཏེ། 221རྟེན་གཞིའི་གནའ་ཤུལ་བེད་སྤྱོད་གང་ལེགས་བྱས་ནས་རིག་དངོས་ཉམས་གསོ་དང་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་གཙོ་གནད་བྱ་བ་ཡག་པོར་སྒྲུབ་པ་དང་། ནུབ་མཚོ་ཅུན་གནའ་མཁར་དང་མཁར་དམར་གནའ་མཁར། གངས་ལུང་བྲག་ཕུག་དགོན་སོགས་གནའ་མཁར་གནའ་ཤུལ་ཁྲོད་ཀྱི་གསར་བརྗེའི་སྙིང་སྟོབས་དང་དེ་བཞིན་དར་གོས་ཚོང་ལམ་གྱི་སྙིང་སྟོབས་སྔོག་འདོན་གཏིང་ཟབ་བྱས་ནས་སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཏོད་དེ་མཚོ་བྱང་གི་གསར་བརྗེའི་རིག་གནས་ཀྱི་གཡུལ་སའི་གསང་ཨང་འཚོལ་ཞིབ་བྱ་དགོས་ཟེར།
ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཏང་ཡོན་མགོ་ཁྲིད་བློ་མཐུན། ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཕེབས། ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངགས་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི། རྫོང་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”དང་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་ཁག་ཅིག་བཅས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注