མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་གྲོལ།

ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། དབྱང་ཧེ་ལུང་གིས་གཙོ་སྐྱོང་གནང་། ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས།

སེམས་ཤུགས་གཅིག་སྒྲིལ་གྱིས་འབད་འཐབ་དང་མུ་མཐུད་མདུན་སྐྱོད་བྱས་ནས་ལེའུ་གསར་པ་རྩོམ། ཟླ2པའི་ཚེས2ཉིན་གྱི་ཕྱི་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚོགས་འདུའི་ཉིན་རེའི་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་རྗེས་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི231ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི206ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཤ་བོ་སྐྱབས་དང་། དབྱང་ཧེ་ལུང་། ཞུ་ཡུང་ཀུང་། མ་ཁྲེང་ཀོས། སུའུ་བདུན་ཅུ། ལི་ཞུ་ཀྲེན། ཝན་བཀྲ་ཤིས་དོན་འགྲུབ། ཝང་ཞིང་ཧོས། མ་ཨན་དབྱི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། 

ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་། ཁུལ་ཨུ་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། མཚོ་བྱང་ཡན་ལག་དམག་ཁུལ། ཁུལ་ལྟ་ཞིབ་ཨུ་ལྷན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་རྣམས་བསྡད་ཡོད

ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་སྡེ་ཁག་གི་འགན་ཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་། མཚོ་བྱང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་གནང་། 

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དབྱང་ཧེ་ལུང་གིས་མཇུག་སྒྲིལ་ཚོགས་ཆེན་གཙོ་སྐྱོང་གནང་།   

ཚོགས་ཆེན་ཐོག་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་འདེམས་བསྐོ་བྱ་ཐབས་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ། འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2023ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2024ལོའི་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》གི་གྲོས་ཆོད།    《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་འདེད་སྲོལ་ཡིག》གི་གྲོས་ཆོད།    《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག》བཟོ་བཅོས་རྒྱག་པའི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་

ཚོགས་ཆེན་ཐོག་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ལའེ་མིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་དང་། ཁྲིན་ཡུང་ཅེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ལ་བདམས་ཐོན་བྱུང་།

ཚོགས་ཆེན་ཐོག་གསར་དུ་བདམས་ཐོན་བྱུང་བའི་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་ཞིང་། གསར་དུ་བདམས་ཐོན་བྱུང་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ཁྲིན་ཡུང་ཅེ་ཡིས་ཚོགས་ཞུགས་འཐུས་མི་ཡོངས་ཀྱི་བདེན་དཔང་འོག་རྩ་ཁྲིམས་ལ་དམ་བཅའ་བཞག

ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་སྐབས་བསྟན་དོན། 2023ལོ་ནི་མཚོ་བྱང་འཕེལ་རྒྱས་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ངལ་དང་འགྲན་སློང་མང་པོའི་མདུན་དུ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ"243"གྱི་འཕེལ་རྒྱས་བཀོད་པ་བསྐྲུན་པ་དང"མཚོ་བྱང་ལྔ"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ་། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དུ་བཏང་བ་དང་། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་དངོས་སྒྲུབ་གཙོ་གནད་དུ་བྱེད་པ་དང་དཔའ་བསྐྱེད་མདུན་སྐྱོད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་པར་རྣམ་པ་གསར་པ་བཏོད་པ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས་པས་དམངས་འཚོའི་བདེ་སྐྱིད་གསར་དུ་མཐོར་འདེགས་ཕྱིན་པ་དང་ཏང་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་ནས་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་བརྩེ་སེམས་ཟབ་མོར་དྲིན་ལན་འཇལ་དགོས་པ་དང་། ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱི་ཡིད་ཆེས་དང་ཐུགས་ཁུར་ལ་དྲིན་ལན་འཇལ་བ་དང་རིགས་སོ་སོའི་མང་ཚོགས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོར་དྲིན་ལན་འཇལ་དགོས། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཀོད་སྒྲིག་བྱས། ཐེངས་འདིའི་ཚོགས་ཆེན་ཐོག་སླར་ཡང་ཁྲིམས་གཏན་གྱི་གོ་རིམ་ལ་བརྟེན་ནས་ཁུལ་ཨུས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དང་འཕེལ་རྒྱས་གཏོང་ཐབས་དེ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདོད་བློར་བསྒྱུར་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་བཤད་པའི"མཚོ་བྱང་ནི་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས་སུ་གནས་པའི"ངེས་གནས་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། "ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་ཁྲིད་ཕྱོགས་གསལ་པོ་བརྟན་པོར་འཛུགས་དགོས། "ངོས་འཛིན་རབ་རིབ་བཞི"གསལ་ལྷང་ངེར་སྒྱུར་བ་དང"འབྲེལ་བ་བཞི"གསལ་པོ་གཏོང་བ། མཚོ་བྱང་ལ་རྒྱུས་ལོན་ཡོད་པ་དང་མཚོ་བྱང་ལ་དགའ་བ། མཚོ་བྱང་དར་སྤེལ་བཏང་སྟེ"མཚོ་བྱང་ལྔ"ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་བ་ལེན་དགོས་ཟེར། 

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་དར་ཆ་གསལ་སྟོན་དང་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་མངོན་པར་བྱེད་དགོས། མཚོ་བྱང་གི་མིག་སྔའི་ལས་སླ་པོར་འབྱུང་དཀའ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོག་མཐའ་བར་གསུམ་དུ་སྲ་བརྟན་དུ་གཏོང་བ་དང་མཚོ་བྱང་ཁུལ་གྱི་ཐོན་ཁུངས་ཐུན་མོང་མ་ཡིན་པའི་ལེགས་ཆར་གཞི་ཚུགས་ཏེ་དམིགས་ཚད་གཏན་འཁེལ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་མཚོ་བྱང་གི་བསྡུར་གཞི་ཡོད་པའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས། གཉིས་ནས་དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་འགན་འཁུར་བ་དང་དངོས་སྒྲུབ་གཙོ་གནད་དུ་འཛིན་དགོས། ཐོག་མཐའ་བར་གསུམ་དུ་ལས་གནས་སུ་འཇོན་ཐང་འདོན་པ་དང་བྱ་གཞག་གཏོད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྟེགས་བུ་ཞིག་ཏུ་བརྩིས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན། 221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བཅུའི”སྒྲིག་བཀོད་ཆ་ཚང་ལག་བསྟར། “ནོར་གནག་ཁྲི་དང་བོད་ལུག་ཁྲིའི”གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བཅས་ལ་དམིགས་ཏེ“123”Aརིམ་པའི་ལྗོངས་ཁུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་རྒྱུ། གྲོང་གསེབ་ཀྱི“བཅུ་ལྡན”བཟོ་སྐྲུན་དང་། སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་སོགས་ཀྱི་གཙོ་གནད་བྱ་བའི་ཐད་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་འོག་རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་བྱ་བར་ཚན་རིག་ཞིབ་འཇུག་དང་ཁྱོན་ཡོངས་ལ་བསམ་གཞིགས། བརྒྱུད་རིམ་ལྡན་པའི་ཇུས་འགོད་བཅས་བྱ་རྒྱུར་ཤུགས་བསྣན་ནས་བསམ་ཕྱོགས་གསལ་པོར་བཟོ་བ་དང་ཐབས་ལམ་ཡང་དག་འཚོལ་པ། བྱ་བ་དམ་འཛིན་བྱེད་པ། ལས་གཞི་ཡག་པོ་གཉེར་བ། སེམས་ནུས་གཅིག་སྒྲིལ་དང་དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ནས་མཚོ་བྱང་གི་སྒྱུར་བཅོས་དང་འཕེལ་རྒྱས་ལ་བཀྲག་མདངས་གསར་པ་ཧུར་ཐག་སྒོས་སྣོན་དགོས། གསུམ་ནས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་སྤྱོད་ཚུལ་ལེགས་སྒྱུར་དང་དངོས་ཕན་དོན་གཉེར་དུ་མངོན་པར་བྱེད་དགོས། མཚོ་བྱང་གི་སྔོན་ཆད་ཀྱི་གྲུབ་འབྲས་ནི་དངོས་སུ་ལག་ལེན་བྱས་ནས་ཐོབ་པ་ཡིན་ལ་མཚོ་བྱང་གི་མ་འོངས་པའི་འཕེལ་རྒྱས་ཀྱང་ངེས་པར་དུ་དངོས་སྒྲུབ་དོན་གཉེར་ལ་བརྟེན་དགོས། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེར་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མིའི་ཏང་གཤིས་སློབ་གསོའི་རྟེན་གཞི་ཡག་པོ་གཉེར་བ། བློ་སྟོབས་དང་རུས་པ་མཁྲེགས་པོ། གདིང་ཤུགས་བཅས་ཆེ་རུ་ཏན་ཏིག་བཏང་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་བྱ་སྤྱོད་སྤེལ་མཁན། ལག་ལེན་བྱེད་མཁན་བཅས་བློ་བརྟན་འགྱུར་མེད་ངང་ཡག་པོ་ཞིག་བྱེད་དགོས། “གཞི་རིམ་དུ་བསྐྱོད་པ་བཞི”མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོར་བསྐྱོད་པ་རྒྱུན་འཁྱོངས་དང་། མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་ཁྱབ་གདལ་ཤུགས་ཆེར་བཏང་ནས་སེམས་རྣལ་དུ་ཕབ་སྟེ་བསམ་བློ་བཏང་ནས་གནད་དོན་ཐོག་དང་པོར་ཐག་གཅོད་བྱེད་པ་དང་བྱ་བ་དོན་འཁྱོལ་ཐུབ་པར་བྱས་ནས་དངོས་སྒྲུབ་བྱ་རྒྱུ་དེ་མཚོ་བྱང་ལས་བྱེད་པའི་ཡིད་དབང་འཕྲོག་བྱེད་ཀྱི་གནས་སུ་འགྱུར་བར་བྱེད་དགོས་ཟེར

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཧུར་ཐག་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ཀྱི་ཐོག་ནས་རྩ་འཛུགས་དང་དུས་རབས། མི་དམངས་བཅས་ལ་ངོ་གནོངས་མི་དགོས་པའི་རྒྱུགས་ལན་གསར་རྐྱང་ཞིག་དབུལ་དགོས་ཟེར།

དབྱང་ཧེ་ལུང་གིས་བསྟན་དོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པ་ཁུལ་ཨུ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཚོགས་ཞུགས་འཐུས་མི་དང་བློ་མཐུན་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་སྔོན་བཀོད་གྲོས་རིམ་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱས་ནས་རྒྱལ་ཁའི་ངང་གྲོལ། ཚོགས་འདུའི་རིང་། འཐུས་མི་ཚོས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་དམངས་གཙོ་དར་སྤེལ་གང་ལེགས་དང་ཁྲིམས་ལྟར་བྱ་བ་ནན་མོ་བསྒྲུབས་ཏེ་སྲིད་གཞུང་དང་དམངས་ཆེན། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུར་ནན་ཏན་ངང་ཉན་པ་དང་གྲོས་ཞིབ་གནང་། འཆར་གཞི་དང་སྔོན་རྩིས་སྙན་ཞུར་ཞིབ་བཤེར་གནང་བ། ཁྲིམས་འཛུགས་སྲོལ་ཡིག་དང་སྤྱི་ཚོགས་བཅོས་སྐྱོང་སྐུལ་འདེད་སྲོལ་ཡིག ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་བཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ། གྲོས་ཆོད་སོ་སོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། སྤུས་ཚད་མཐོ་བའི་འཐུས་མིའི་གྲོས་གཞི་ཁག་ཅིག་བཏོན་པ་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ཁྲིམས་ལྟར་འདེམས་བསྐོ་བྱས། འཐུས་མི་ཚོའི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་མངོན་ཡོད་པས། དེ་ནི་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ལ། དམངས་གཙོ་དར་སྤེལ་དང་དངོས་ཐོག་བདེན་འཚོལ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཀྱང་ཡིན་ཟེར

དབྱང་ཧེ་ལུང་གིས་ནན་གྱིས་བསྟན་དོན། འཐུས་མི་ཚོས་བསམ་བློ་དང་བྱ་སྤྱོད་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་བློ་གྲོས་དང་སྟོབས་ཤུགས་ཐེངས་འདིའི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་སྡུད་བྱེད་པ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།  ཁྲིམས་ལྟར་རྒྱལ་སྐྱོང་འོས་འཚམ་གཅིག་གྱུར་དམ་ཚགས་ཡོང་བར་བྱེད་པ་རྒྱུན་འཁྱོངས་དང་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་བསྟར་བ། ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། དོན་དག་གལ་ཆེན་ཐག་གཅོད་དབང་ཆ། མི་དོན་བསྐོ་འཐེན་དབང་ཆ་བཅས་ལག་ལེན་ཧུར་ཐག་བྱས་ནས་དམངས་ཆེན་འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། དམངས་ཆེན་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་ཁུལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ཞིབ་འཇུག་བསམ་གཞིགས་དང་ཇུས་འགོད་བཀོད་སྒྲིག དོན་འཁྱོལ་ལ་སྐུལ་འདེད་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ཁུལ་ཨུའི་བྱ་བ་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དང་ནུས་ལྡན་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱས་ནས་ཏང་གི་བློ་སེམས་བདེ་པོ་ཡོང་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི“ལས་ཁུངས་བཞི”ཧུར་ཐག་བཏོད་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་དམངས་དམངས་ཆེན་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ནས་ཁུལ་ཨུ་བློ་བདེ་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཚད་ལྡན་ཞིག་ཧུར་ཐག་སྒོས་དབུལ་དགོས། རིམ་པ་སོ་སོའི་དམངས་ཆེན་འཐུས་མིས“མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་ང་འཐུས་མིར་བདམས་པ་མི་དམངས་ཀྱི་ཆེད་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས་ཏང་དང་མི་དམངས་ཀྱི་ཡིད་ཆེས་ལ་གཅེས་སྤྲས་ཀྱིས་རང་ངོས་ཀྱི་བྱ་བ་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཟུང་འབྲེལ་དང་ལྟེ་བའི་ལས་འགན་ཟུང་འབྲེལ་གྱིས་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་ཟབ་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་གཟི་དཔལ་མངོན་དགོས་ཟེར།

ཚོགས་ཆེན་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། རང་སྟོབས་རང་སྤེལ་དང་གསར་གཏོད་སྲུང་འཛིན་བྱེད་པ། སེམས་ནུས་གཅིག་སྒྲིལ་བྱེད་པ། དཀའ་སྤྱད་སྙིང་རུས་ཆེན་པོས་བྱ་བ་སྒྲུབ་ནས་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་པར་དེ་ལས་ཆེ་བའི་ལེགས་སྐྱེས་གསར་པ་དབུལ་དགོས་པའི་འབོད་སྐུལ་གནང་།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号