ས་ཁུལ་སོ་སོས་སློབ་སྦྱོང་སློབ་གསོ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ནན་མོ་བཏང་།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཧྲན་ཞི་དང་བོད་ལྗོངས། ཡུན་ནན་དང་། ཧེ་ནན་སོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས་པ་དང་། སློབ་སྦྱོང་དང་ཞིབ་བཤེར་དག་ཐེར་བཅས་གཞི་གཅིག་ལ་སྐུལ་འདེད་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཕན་འབྲས་སུ་བསྒྱུར།

ཧྲན་ཞི་ཞིང་ཆེན་ཏང་ཨུས་གཞུང་ལུགས་སློབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སློབ་སྦྱོང་དང་བགྲོ་གླེང་ནན་མོ་བྱས་པ་དང་། སློབ་སྦྱོང་སློབ་གསོ་མིའི་སེམས་སུ་སིམ་པ་དང་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་། དེ་དང་མཉམ་དུ། གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་པ་རྒྱུན་འཁྱོངས་དང་། མི་འདང་སར་ཞིབ་ལྟ་དང་གཅིག་བསྡུས་ལེགས་བཅོས་བྱས་ཏེ། ཁ་གཏད་རང་བཞིན་གྱིས་འབྲེལ་ཡོད་ལམ་ལུགས་གཏན་འབེབས་འཐུས་ཚང་དུ་བཏང་བ་དང་། སྤྱོད་ཚུལ་འཛུགས་སྐྲུན་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་པ་དང་ནམ་རྒྱུན་དམ་འཛིན་བྱེད་པར་སྐུལ་འདེད་བཏང་།

ཧྲན་ཞི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་ཧའོ་ཡུས་ཀྱིས་བཤད་རྒྱུར། ང་ཚོས་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ལ་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྩད་གཅོད་བྱས་ནས་ལེགས་བཅོས་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཏན་འབེབས་གསལ་བོར་ཤེས་པར་སྐུལ་འདེད་གཏོང་བ་དང་། ཏང་གི་སྤྱོད་ཚུལ་ལེགས་པོར་བརྟེན་ནས་སྲིད་གཞུང་གི་སྤྱོད་ཚུལ་དང་དམངས་ཀྱི་སྤྱོད་ཚུལ་ལ་སྐུལ་ཁྲིད་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ཟེར།

བོད་རང་སྐྱོང་ལྗོངས་ཏང་ཨུས་ཆེད་དོན་བཀོད་སྒྲིག་བྱས་ཏེ། ཏང་ཡོན་ལས་བྱེད་པས་མ་ལག་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་བཏུས་སྒྲིག་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་པ་དང་། སྐོར་ཞིབ་དང་རྩིས་བཤེར་ལྟ་སྐུལ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་གནད་འཁེལ་སྒོས་གནད་དོན་མཐོང་བ་དང་གཅིག་སྡུད་ལེགས་བཅོས་ལ་སྐུལ་འདེད་བཏང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཕྱོགས་བཅུ་གཅིག་གི་མངོན་གསལ་གནད་དོན་ལ་གཞིགས་ནས་རིམ་བཞིན་འདེམ་བཤེར་བྱས་ཤིང་། ཉམས་ཞན་ལས་རིམ་ལ་དམིགས་ནས་ཁྲིམས་སྲོལ་བཟོས་པ་དང་། སྙིང་རུས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས།

བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལོས་ཡེ་ཧོས་ཀྱིས་བཤད་རྒྱུར། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། བརྗོད་གཞིར་དམིགས་པ་དང་དངོས་གཉེར་གཅིག་སྡུད་བྱེད་ལ། སློབ་སྦྱོང་བགྲོ་གླེང་དང་གནད་དོན་ཞིབ་བཤེར། གཅིག་བསྡུས་ལེགས་བཅོས། སྒོ་འབྱེད་སློབ་གསོ་བཅས་ལས་འགན་གཙོ་བོ་བཞི་ལ་གཞི་གཅིག་སྐུལ་འདེད་བཏང་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར། 

ཡུན་ནན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པར་དཔེ་སྟོན་སྐུལ་ཁྲིད་བྱས་ཤིང་། གནད་དོན་གྱི་གསལ་ཐོ་དང་དཔེ་མཚོན་གྱོད་དཔེར་དམིགས་ནས། གནད་དོན་རེ་རེ་བཞིན་ཞིབ་བཤེར་བྱས། རྟོག་ཞིབ་བྱེད་སྐབས་འབྱོར་བའི་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱས་པའི་མངོན་གསལ་གནད་དོན་ལ་དམིགས་ནས། འགན་འཁྲི་གཙོ་བོ་དང་ལེགས་འགྲུབ་དུས་ཡུན་གཏན་འཁེལ་གསལ་བོ་བྱས་པ་དང་། བྱེ་བྲག་གི་དག་ཐེར་ལེགས་བཅོས་བྱེད་ཐབས་གཏན་འབེབས་བཟོས།

ཡུན་ནན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱང་ཧྲའོ་ཧུའུ་ཡིས་བཤད་རྒྱུར། ང་ཚོས་དོན་དངོས་ལ་ཤུགས་སྣོན་པ་དང་གཟབ་ནན་གྱི་ཚད་གཞི་བཙུགས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་དམིགས་པ་དང་། དུས་ཐོག་ཏུ་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་ཏེ་གཏན་འབེབས་བཟོ་བ་དང་། བྱེ་བྲག་གི་བྱ་བ་ཁག་བཅུ་བཏོན་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་བཏོན་པའི་མངགས་བཅོལ་ནན་མོ་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་དྲག་པོར་བསྒྱུར་དགོས་ཟེར།

ཧེ་ནན་ཞིང་ཆེན་ཏང་ཨུས་ལག་བསྟར་ཇུས་གཞི་གཏན་འབེབས་བཟོས་པ་དང་། གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་ཆེད་དམིགས་དཔེ་ཀློག་འཛིན་གྲྭ་སོགས་བརྒྱུད་དེ། སློབ་སྦྱོང་སློབ་གསོར་སྐུལ་འདེད་ནན་མོ་བཏང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་སོང་ནས་བསམ་འཆར་གྲོས་གཞིར་ཉན་པ་དང་། གནད་དོན་གྱི་གསལ་ཐོ་གསེད་བཀྲོལ་བྱས་ཏེ། མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་པ་དང་ཕྱོགས་གང་སར་ཁྱབ་པའི་མངོན་གསལ་གནད་དོན་ལ་གཅིག་བསྡུས་ལེགས་བཅོས་བྱས་པ་དང་། དངོས་ཡོད་ཕན་འབྲས་བརྩོན་ལེན་བྱས།

ཧེ་ནན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱང་ཞའོ་ཀང་གིས་བཤད་རྒྱུར། ཧེ་ནན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། ནན་མོ་དང་དངོས་ཡོད། ཕན་འབྲས་བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་ལ། སློབ་སྦྱོང་དང་ཞིབ་བཤེར་ལེགས་བཅོས་བཅས་ཉིན་རྒྱུན་འཚོ་བའི་ཁྲོད་འདྲེས་པ་དང་ནམ་རྒྱུན་དམ་འཛིན་བྱེད་པར་གཞི་གཅིག་སྐུལ་འདེད་བཏང་སྟེ། སློབ་སྦྱོང་ལ་སྤུས་ཀ་ཡོད་པ་དང་ཞིབ་བཤེར་ལ་ཚད་གཞི་ཡོད་པ། ལེགས་བཅོས་ལ་ཕན་འབྲས་ཡོད་པ་བཅས་ལ་ཁག་ཐེག་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号