《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

ཟླ4པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བདུན་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་རླབས་ཆེན་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཚན་རྩལ་དར་ན་མི་རིགས་དར་བ་དང་། ཚན་རྩལ་སྟོབས་ལྡན་དུ་གྱུར་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་སྲིད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། མགྱོགས་མྱུར་སྒོས་རྣམ་པ་གསར་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་འགན་འཁྲི་འཛུགས་དགོས་པའི་རེ་བ་བཏོན་ལ། 2035ལོར་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཡོངས་འགྲུབ་བྱེད་པའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་པ་དང་། རྒྱུན་ཆད་མེད་པར་ཚན་རྩལ་གྱི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས།   ཚན་རྩལ་མི་སྣའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གང་ལེགས་བྱས་ཏེ། ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་།    རང་རྒྱལ་གྱི་ཚན་རྩལ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

རྩོམ་ཡིག་ལས་བསྟན་དོན། དུས་རབས་གསར་པའི་ཚན་རྩལ་ལས་དོན་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད། ང་ཚོས་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་ཉམས་མྱོང་གལ་ཆེན་མང་པོ་བསགས་ཡོད། གཙོ་བོ་ནི་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་སྐྲུན་གྱི་བགྲོད་ལམ་དུ་བསྐྱོད་པ།  སྣེ་ཁྲིད་འཕེལ་རྒྱས་གསར་སྐྲུན་བྱེད་པ། “ཁ་ཕྱོགས་བཞིའི”འཐབ་ཇུས་ཀྱི་ཁྲིད་སྟོན་དང་།    བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ།    སློབ་གསོའི་ཚན་རྩལ་འཇོན་མི་འཁོར་སྐྱོད་བཟང་པོ་བྱེད་བར་སྐུལ་འདེད་གཏོང་བ།    རིག་གནས་གསར་སྐྲུན་གསོ་སྐྱོང་བྱེད་པ། ཚན་རྩལ་སྒོ་འབྱེད་མཉམ་ལས་ཀྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་བཅས་རྒྱུན་འཁྱོངས་བྱས།     ཉམས་མྱོང་དེ་དག་ཧ་ཅང་རྩ་ཆེན་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་འཕེལ་རྒྱས་སུ་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཚན་རྩལ་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་འདེགས་སྐྱོར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འགུལ་ནུས་གསར་པ་གསོ་སྐྱོང་བྱེད་དགོས།  ངེས་པར་དུ་ཚན་རྩལ་གྱི་འཐབ་ཇུས་སྣེ་ཁྲིད་གོ་གནས་དང་རྩ་བའི་འདེགས་སྐྱོར་ནུས་པར་ངོས་འཛིན་གང་ལེགས་བྱེད་པ་དང་།    2035ལོར་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་འཐབ་ཇུས་དམིགས་འབེན་གཏན་འཁེལ་བྱས་ཏེ།    རྩེ་རིམ་ཇུས་འགོད་དང་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ནས། མགྱོགས་མྱུར་སྒོས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་དགོས། ང་ཚོས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས་ན། ངེས་པར་དུ་གཤམ་གྱི་གཞི་རྩའི་རྒྱུ་རྐྱེན་ཚང་དགོས་ཏེ།   གཅིག་ནི་རྨང་གཞིའི་ཞིབ་འཇུག་དང་གདོད་མའི་གསར་སྐྲུན་ནུས་པ་ཆེན་པོ་ལྡན་དགོས་ལ། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་མུ་མཐུད་དུ་འདོན་སྤེལ་བྱེད་དགོས། གཉིས་ནི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ནུས་པ་ཆེན་པོ་བཀོལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།   གསུམ་ནི་རྒྱལ་སྤྱིའི་ཤུགས་རྐྱེན་དང་སྣེ་ཁྲིད་ནུས་པ་ཆེན་པོ་བཀོལ་ནས། འཛམ་གླིང་གི་ཚན་རིག་གལ་ཆེན་གྱི་ལྟེ་གནས་དང་གསར་སྐྲུན་གྱི་མཐོ་སར་འགྱུར་དགོས། བཞི་ནི་ཆུ་ཚད་མཐོ་བའི་ཚན་རྩལ་འཇོན་མི་གསོ་སྐྱོང་དང་གཅིག་བསྡུས་ནུས་པ་ཆེན་པོ་ལྡན་པར་བྱས་ཏེ།    རྒྱལ་སྤྱིའི་རྩེར་སོན་ཚན་རྩལ་འཇོན་མའི་དཔུང་ཁག་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས།     ལྔ་ནི་ཚན་རྩལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཆེན་པོ་བཀོལ་ནས། འཛམ་གླིང་གི་གསར་གཏོད་ཀྱི་སྐྱེ་ཁམས་དང་ཚན་རིག་ཞིབ་འཇུག་གི་ཁོར་ཡུག་རྩེ་གྲ་ཞིག་ཆགས་པར་བྱ་དགོས།

རྩོམ་ཡིག་ལས་བསྟན་དོན། ཆོད་སེམས་བརྟན་པོ་དང་བློ་སྟོབས་དྲག་པོས་ཉིན་མཚན་དབྱེར་མེད་དུ་དཀའ་སྤྱད་འབད་བརྩོན་བྱས་ཏེ། བྱས་འབྲས་ལྡན་པའི་སྒོ་ནས་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་དེ་མངོན་འགྱུར་བྱེད་དགོས། གཅིག་ནི་རྣམ་པ་གསར་པའི་རྒྱལ་ཡོངས་ཀྱི་ལམ་ལུགས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། མགྱོགས་མྱུར་སྒོས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་བའི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།    ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་གི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་ཕྱོགས་སོ་སོའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱས་ཏེ།    རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་དུ་འགྱུར་བའི་ཚད་གཞི་ཇེ་མཐོར་གཏོང་དགོས།  གཉིས་ནི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱེད་དགོས།     མཉམ་འདྲེས་ཀྱི་རྨང་གཞི་ནི་སྤུས་ཚད་མཐོ་བའི་ཚན་རྩལ་འདོན་སྤྲོད་ཇེ་མང་དུ་གཏོང་རྒྱུ་དེ་ཡིན་པ་དང་།    མཉམ་འདྲེས་ཀྱི་གནད་འགག་ནི་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཟུགས་གནས་བབ་ལ་ཤུགས་སྣོན་རྒྱུ་དེ་ཡིན་ལ།    མཉམ་འདྲེས་ཀྱི་ཐབས་ལམ་ནི་ཚན་རྩལ་འབྲས་བུ་ཚུལ་སྒྱུར་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གསུམ་ནི་ཕྱོགས་ཡོངས་ནས་ཚན་རྩལ་གྱི་ལམ་ལུགས་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། གསར་སྐྲུན་གྱི་གསོན་ཤུགས་ལ་སྐུལ་སྤེལ་གང་ལེགས་བྱེད་དགོས།  ཚན་རྩལ་གྱི་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།    གསར་གཏོད་སྟེགས་བུ་སྣ་ཚོགས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ།    གསར་གཏོད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པར་ཤུགས་སྣོན་དགོས།    ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་།    ཚན་རྩལ་གྱི་འཆར་འགོད་དོ་དམ་ལེགས་བཅོས་བྱེད་པ།    མགྱོགས་མྱུར་སྒོས་ཚན་རིག་ཞིབ་འཇུག་བྱེད་སྒོའི་ཆོས་ཉིད་དང་མཐུན་པའི་རིགས་དབྱེ་དཔྱད་འཇོག་མ་ལག་དང་དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།    ཚན་རྩལ་བྱ་དགའ་དང་ཡོང་འབབ་བགོ་བཤའ། གྲུབ་འབྲས་ལ་དབང་ཆ་སྟེར་བ་སོགས་སྐུལ་ལྕག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།  བཞི་ནི་སློབ་གསོའི་ཚན་རྩལ་འཇོན་མིའི་ལས་དོན་འཕེལ་རྒྱས་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས། འཇོན་མིའི་འགྲན་རྩོད་ཁྱད་སྟོབས་འཛུགས་དགོས། སློབ་གསོའི་ཚན་རྩལ་འཇོན་མིའི་ལམ་ལུགས་རྐྱེན་སྲོལ་གཞི་གཅིག་གི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། མགྱོགས་མྱུར་སྒོས་གཞི་ཁྱོན་ཆེ་བ་དང་གྲུབ་ཚུལ་ལུགས་མཐུན་ཡིན་པ། བྱང་ཚད་ལེགས་པའི་གསར་སྐྲུན་རྣམ་པའི་འཇོན་མིའི་དཔུང་སྡེ་གསོ་སྐྱོང་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་དགོས་མཁོ་སྣེ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།  མགྱོགས་མྱུར་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས། གཞོན་ནུ་ཚན་རྩལ་འཇོན་མི་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས།  ལྔ་ནི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རྩལ་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་གྲོས་འགོའི་ལག་ལེན་གཏིང་ཟབ་བྱས་ནས། ཧུར་ཐག་གིས་འཛམ་གླིང་དྲ་རྒྱའི་གསར་སྐྲུན་ཁྲོད་མཉམ་འདྲེས་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས།    ནུས་ཁུངས་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། ཚན་རྩལ་གྱིས་མིའི་རིགས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་དུ་འཇུག་དགོས།

རྩོམ་ཡིག་ལས་བསྟན་དོན། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། བློ་སྟོབས་ཆེན་པོ་དང་ངར་ཤུགས་བསྐྱེད་པ། སྙིང་སྟོབས་ཆེན་པོ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ།    ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་བརྗིད་ཉམས་ལྡན་པའི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号