ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་6351བཏང་བ།

ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་1ནས་10པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་6351བཏང་བ་དེ་དུས་མཚུངས་ལས་10.9%འཕར་ནས་ལྕགས་ལམ་གྱི་ལམ་ཐིག་གསར་པ་སྤྱི་ལེ་2274སྤྱོད་འགོ་ཚུགས་པ་རེད། མིག་སྔའི་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་16ལས་བརྒལ་བའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་4.6ལྷག་ཙམ་ཟིན་པ་དང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་འགྲུལ་སྐྱེལ་མེ་འཁོར་བབས་ཚུགས་3300ལྷག་ཙམ་ཡོད་པའི་ནང་མྱུར་བགྲོད་ལྕགས་ལམ་གྱི་བབས་ཚུགས་1300ལྷག་ཙམ་ཡོད་པ་རེད། ཟླ་10ཚེས་9ཉིན་གྱི་ཆུ་ཚོད་9དང་སྐར་མ་58ཙམ་ལ་ལྕགས་གདུང་མཐའ་མ་དེ་གནད་ལ་འཁེལ་པོས་སྦྲེལ་མཐུད་བྱས་པ་དང་སྦྲགས། པའོ་དབྱིན་མྱུར་བགྲོད་ལྕགས་ལམ་གྱི་ཝུའུ་ཧའེ་རྨ་ཆུའི་ཟམ་ཆེན་སྦྲེལ་མཐུད་བདེ་བླག་བྱུང་བ་དང་དེ་ཐོག་ནས་པའོ་དབྱིན་མྱུར་བགྲོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་གཙོ་གནད་ལས་གྲྭར་ཚད་བརྒལ་གསར་པ་གཞན་ཞིག་བྱུང་བ་མཚོན་ཡོད།

ཀྲུང་གོ་ལྕགས་ལམ་ཅུས་བཅུ་པའི་པའོ་དབྱིན་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་པུའི་སྤྱི་ཁྱབ་བཟོ་བཀོད་པ་ཧོང་ཆིང་ཧྭ་ཡིས“ཝུའུ་ཧའེ་རྨ་ཆུའི་ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྨི་2190.79ཡོད་པ་དང་། ལྡིང་ཟམ་ལ་བརྟེན་ནས་རྨ་ཆུ་སྒྲོལ་གྱི་ཡོད་པས་པའོ་དབྱིན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་ལྕོག་མཐོ་ཤོས་དང་བར་ཐག་རིང་ཤོས་ཀྱི་ཟམ་པ་ཞིག་རེད། ཨར་ལས་ཀྱིས་རྨ་ཆུའི་སྐྱེ་ཁམས་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་ཆེད། ཨར་ལས་བྱ་ཡུལ་དུ་ཆེད་མངགས་རྫིང་བུ་བཟོས་ནས་བཙོག་ཆུ་དང་འདམ་རྫབ་ཕྱིར་མི་རྒྱུག་པ་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

དོ་སྣང་བྱེད་རིན་ཡོད་པ་ཞིག་ལ། འདི་ལོ་ཚུན་ཧྲང་ཧའེ་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་ཀྱི་གཙང་པོའི་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་ཧོ་ཝུའུ་དུམ་བུ་དང་། ཕིང་ཆིང་ལྕགས་ལམ། ཀྲང་ཧྲན་མྱུར་བགྲོད་ལྕགས་ལམ། ཝུན་མོང་ལྕགས་ལམ། ལུང་ལུང་མྱུར་བགྲོད་ལྕགས་ལམ་གྱི་ཝུའུ་མེ་དུམ་བུ་སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་ལས་འགོ་བཙུགས་པ་དང་མ་དངུལ་བརྟན་པོ་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号