རྒྱལ་ཡོངས་ཀྱི་ས་གནས་ཁག་གི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་བསྒྲགས།

ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་གནས་ཚུལ(2024ལོའི་ཟླ10པའི་ཚེས1ཉིན་བར)ཡོངས་བསྒྲགས་བྱས།

གཞི་གྲངས་ལས་མངོན་པར། ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་ཐད་ཧྲང་ཧའེ་ཆེས་མཐོ་ཤོས་ཡིན་པ་དང་སྒོར2690ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཅང་སུའུ་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གྱི་ཡིག་ཚགས་དང་པོའི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ནི་སྒོར2490ཡིན་པ་དེ་གཉིས་ཀ་ཨང་གཉིས་པར་སླེབས་པ་དང་། པེ་ཅིང་གི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ནི་སྒོར2420ཡིན། ཅི་ལིན་དང་། ཧུའུ་ནན། ཡུན་ནན་སོགས་སུ་གོང་འཕར་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་དང་པོར་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར1880ཡིན་པ་དང་། ཡིག་ཚགས་དང་པོར་ཆུ་ཚོད་རེར་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར18རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号