ཏིན་ཞུའེ་ཞང་ཀྲུང་གོའི་ཁོར་ཡུག་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་ནས་གཏམ་བཤད་གནང་།

ཟླ10ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོའི་ཁོར་ཡུག་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཞུའེ་ཞང་པེ་ཅིང་དུ་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།

ཟླ10ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོའི་ཁོར་ཡུག་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཞུའེ་ཞང་པེ་ཅིང་དུ་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།

ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཁོར་ཡུག་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་མཐོང་ཆེན་ཚད་མེད་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ལ་སའི་གོ་ལ་གཅིག་མ་གཏོགས་མེད་པས། སྐྱེད་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་འགན་འཁྲི་ཡིན་ཞེས་བསྟན་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སྣེ་ཁྲིད་འོག ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱུན་འཁྱོངས་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་གཞི་རྩའི་ཇུས་གཞི་ཆེན་པོ་ཞིག་ཏུ་བརྩིས་ནས། སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ལྗང་མདོག་འཕེལ་རྒྱས་ཐབས་ལམ་མྱུར་དུ་གྲུབ་པར་བྱེད་པ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་སྐུལ་འདེད་བརྟན་པོ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱ་བར་ཤུགས་སྣོན་པ་བཅས་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཐད་གོམ་སྟབས་ཆེན་པོ་སྤོ་ཐུབ་པར་བྱས་ནས། མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དང་། དག་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་བསྐྲུན་ཆེད་བྱས་རྗེས་གལ་ཆེན་འཇོག་དགོས།

ཏིན་ཞུའེ་ཞང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་ཞིག་ཡིན་པས། དུས་རབས་གསར་པའི་བསྐྱོད་ལམ་གསར་པའི་སྟེང་། ང་ཚོས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འབུར་ཐོན་གོ་གནས་སུ་བཞག་སྟེ། བློ་བརྟན་འགྱུར་མེད་སྒོས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ལེགས་པ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་བསྐྱོད་དགོས། ཀྲུང་གོ་ཕྱོགས་སོ་སོ་དང་མཉམ་དུ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་རྒྱུན་འཛིན་དང་། ལག་རྡང་སྦྲེལ་ནས་སྐྱེ་ཁམས་ལེགས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་བསྐྲུན་བྱེད་པ་དང་། ང་ཚོ་འཚོ་གནས་བྱེད་སའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ལེགས་པོ་བྱས་ནས། འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད། གཅིག་ནི་སྒོ་འབྱེད་བརྗེ་རེས་ཀྱིས་གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་པའི་བགྲོད་ལམ་ཞིག་མཉམ་འགོད་བྱས་ཏེ། མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་དང་ལག་བསྟར་བྱེད་དགོས། གཉིས་ནི་སྣེ་མང་བཟོད་སྒོམ་གྱིས་གོ་ལ་ཧྲིལ་བོའི་ཁོར་ཡུག་འགྲན་སློང་ལ་ཁ་གཏད་འཇལ་བའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་ཏེ། ཐུན་མོང་དང་བར་ཁྱད་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་འགྲོ་བའི་བཞིན་པའི་རྒྱལ་ཁབ་ཀྱི་མ་དངུལ་དང་། ལག་རྩལ། ནུས་པའི་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནི་ཚན་རྩལ་གསར་གཏོད་ཀྱིས་གོ་ལ་ཧྲིལ་བོའི་ལྗང་མདོག་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་སྒུལ་ནུས་གསར་པ་སྣོན་དགོས་ཏེ། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། མི་བཟོས་རིག་ནུས་སོགས་གཞི་གྲངས་ལག་རྩལ་བཀོལ་སྤྱོད་གང་ལེགས་བྱེད་པ་དང་།  ལས་རིགས་སོ་སོའི་ལྗང་མདོག་འཕེལ་རྒྱས་ཐད་ནུས་ཤུགས་བསྩལ་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་རྒྱ་སྐྱེད་གསོ་སྐྱོང་བྱེད་དགོས། བཞི་ནི་དངོས་དོན་མཉམ་ལས་ཀྱིས་གོ་ལ་ཧྲིལ་བོའི་ཁོར་ཡུག་བཅོས་སྐྱོང་ཆུ་ཚད་མཉམ་དུ་མཐོར་འདེགས་གཏོང་དགོས་ཏེ། ཕྱོགས་མང་པོའི་མཉམ་ལས་སྟེགས་བུ་འཛུགས་པར་ཤུགས་སྣོན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་པ་ཁུའུ་ཚོགས་ཆེན་དང་། སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཆོགས་ཐེངས་བཅུ་དྲུག་པར་རྒྱལ་ཁ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུང་།

ཐེངས་འདིའི་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལོ་ཚོགས་ཀྱི་བརྗོད་དོན་ནི་སྒོ་འབྱེད་དང་བཟོད་སྒོམ།གསར་གཏོད།མཉམ་ལས་བཅས་བྱས་ཏེ། དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་བསྐྲུན་བྱེད་ཅེས་པ་དེ་ཡིན། རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུང་ཕྱིའི་ཨུ་ཡོན་དང་། ཀྲུང་ཕྱིའི་ཆེད་མཁས་པ། མཉམ་ལས་གྲོགས་པོ་སོགས་མི་བཞི་བརྒྱ་ཙམ་གྲོས་ཚོགས་ལ་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号