སློབ་གསོ་པུའུ་ཡིས་དུས་ཐེངས་བཞི་བའི་མཁོ་སྤྲོད་འབྲེལ་མཐུད་ལས་ཞུགས་མི་སྣ་གསོ་སྐྱོང་རྣམ་གྲངས་སྤེལ་མགོ་བརྩམས་པ།

གསར་འགོད་པས་ཉེ་ལམ་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། མི་སྣ་བཀོལ་སྤྱོད་སྡེ་ཚན་གྱིས་དངོས་སྤྱོད་ཅན་དང་མཉམ་འདུས་ཅན། དཀོན་པའི་རིགས་བཅས་ཀྱི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་དང་གདན་ཞུ་བྱེད་པར་རོགས་རམ་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལས་ཞུགས་ཟུང་འབྲེལ་དམ་ཚགས་བྱེད་པར་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣའི་མཁོ་སྤྲོད་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སྤུས་ཚད་ལེགས་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། སློབ་གསོ་པུའུ་ཡིས་དུས་ཐེངས་བཞི་པའི་ལས་ཞུགས་འབྲེལ་མཐུད་རྣམ་གྲངས་སྤེལ་མགོ་བརྩམས་པ་དང་། ལག་བསྟར་བྱེད་པའི་དུས་ཚོད་ནི2024ལོའི་ཟླ7པ་ནས2025ལོའི་ཟླ7པའི་བར་ཡིན།

རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡི་མཁོ་སྤྲོད་འབྲེལ་མཐུད་ལས་ཞུགས་མི་སྣ་གསོ་སྐྱོང་བྱེད་པའི་རྣམ་གྲངས་དེ2021ལོར་ལག་བསྟར་བྱས་པ་ནས་བཟུང་། དུས་ཐེངས3པར་བདེ་བླག་ངང་སྤེལ་བ་ཡིན་ཞིང་། བསྡོམས་པས་མཐོ་རིམ་སློབ་གྲྭ2000དང་མི་སྣ་བཀོལ་སྤྱོད་སྡེ་ཚན2400ལྷག་གིས་རྣམ་གྲངས་འབྲེལ་མཐུད་བྱས་པ་དང་། རྣམ་གྲངས་ཁྲི4.5བཙུགས་ཏེ།  སློབ་ཆེན་སློབ་མ་ཁྲི4.5ལས་བརྒལ་བར་ཞབས་ཞུ་སྒྲུབ་ཡོད། དུས་ཐེངས་སྔོན་མ་གསུམ་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་། དུས་ཐེངས་བཞི་པའི་རྣམ་གྲངས་དེ་གྲངས་འཛིན་ཅན་དང་རིག་ནུས་ཅན། སྟབས་བདེ་ཅན་སོགས་ཀྱི་ཐད་ལེགས་འགྱུར་རིམ་སྤར་བྱས་ནས། རྣམ་གྲངས་ཕྱོགས་གཉིས་ཀར་སྟབས་བདེ་དང་དུས་ཐོག ནུས་བ་ཆེ་བ་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།

པུའུ་དང་ཞིང་ཆེན། སློབ་གྲྭ་བཅས་རིམ་པ་གསུམ་གྱི་དོ་དམ་བྱེད་ཤུགས་ཆེ་བཏང་སྟེ། དོ་དམ་གྱི་ཕན་འབྲས་ཆེ་རུ་བཏང་བ། དུས་ཐེངས་བཞི་པ་ནས་བཟུང་མཁོ་སྤྲོད་འབྲེལ་མཐུད་ལས་ཞུགས་མི་སྣ་གསོ་སྦྱོང་རྣམས་གྲངས་ཀྱིས་པུའུ་དང་ཞིང་ཆེན། སློབ་གྲྭ་བཅས་རིམ་པ་གསུམ་གྱི་དོ་དམ་ལམ་སྲོལ་སྤྱོད་རྒྱུ་དང་། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་མཐོ་རིམ་སློབ་གྲྭའི་ལས་ཞུགས་བྱ་བའི་གཙོ་གཞིར་འཇོག་རྒྱུ། རྣམ་གྲངས་དོ་དམ་གྱི་ཚད་ལྡན་རང་བཞིན་དང་ཚན་རིག་རང་བཞིནལ་ཤུགས་སྣོན་རྒྱུ་རེད། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ས་ཁོངས་དེ་གའི་ལས་ཞུགས་མི་སྣ་གསོ་སྐྱོང་བྱེད་པའི་རྣམ་གྲངས་དོ་དམ་བྱེད་པའི་བྱ་བར་འགན་འཁུར་རྒྱུ་དང་། རྩ་འཛུགས་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སློབ་གྲྭ་དང་ཁེ་ལས་འབྲེལ་མཐུད་ཀྱི་བྱེད་སྒོ་སྤེལ་བར་བརྟེན་ནས། རྣམ་གྲངས་ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号