དབྱར་དུས་ཀྱི་སྐྱེལ་འདྲེན་འགོ་ཚུགས་ཚུན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་ཚད་མི་ཐེངས་དུང་ཕྱུར་2ལས་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། དབྱར་དུས་ཀྱི་སྐྱེལ་འདྲེན་བྱེད་འགོ་ཚུགས་ཚུན་གྱི་ཟླ་7ཚེས་1ནས་ཚེས་15ཉིན་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་2.11སྐྱེལ་འདྲེན་བྱས་པ་དེ་མི་ཐེངས་དུང་ཕྱུར་2ཀྱི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། ལོ་གོང་མའི་དུས་མཚུངས་ལས་6.5%འཕར་བ། ཉིན་རེར་ཆ་སྙོམས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1403.4ཟིན་ཡོད།

     རྒྱལ་ཁབ་ལྕགས་ལམ་ཚོགས་པ་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་དབྱར་ཁའི་གུང་གསེང་གི་སློབ་མ་དང་། ཡུལ་སྐོར་བ། གཉེན་ཉེ་ཐུག་འཕྲད་བྱེད་པར་འགྲོ་མཁན་སོགས་མི་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་ཆེ་རུ་ཕྱིན་པ་དང་ལྕགས་ལམ་གྱི་འགྲུལ་རྒྱུན་ཆེན་པོ་ཡོད། ལྕགས་ལམ་སྡེ་ཚན་གྱིས་འགྲུལ་ཟོག་སྐྱེལ་འདྲེན་དང་ཆུ་ལོག་སྔོན་འགོག་གི་ལས་དོན་སྤྱི་འདོམས་ནན་ཏན་བྱས་པའི་ཁར། དབྱར་ཁའི་གུང་གསེང་གི་འགྲུལ་སྐྱེལ་ལས་དོན་ཇུས་གཞི་ཞིབ་ཚགས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号