འདིའི་ཐད་ཞིབ་བཤེར་མཐར་ཕྱིན་པར་བྱ་རྒྱུ་རེད།
སྨྱན་སྦྱོར་ཐོག“ལྕགས་ཀྲིན་རླངས་འཁོར་དུ་བཟའ་སྣུམ་སྐྱེལ་འདྲེན་བྱེད་པའི་ཟང་ཟིང་གི་གནད་དོན”ཐེར་འདོན་བྱས་པར་དམིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་མཐོང་ཧ་ཅང་ཆེན་པོར་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་སྤྱི་བདེ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་འབྲུ་རིགས་གསོག་འཇོག་ཅུས་སོགས་སྡེ་ཁག་སྒྲིག་འཛུགས་བྱས་ཏེ་ཆེད་དོན་ཚོགས་འདུ་འཚོགས་ནས་ཞིབ་འཇུག་བྱས་པ་དང་། མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་བཙུགས་ནས་ལྕགས་ཀྲིན་རླངས་འཁོར་དུ་བཟའ་སྣུམ་སྐྱེལ་འདྲེན་བྱེད་པའི་ལྷུ་ཚིགས་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་བཤེར་མཐར་ཕྱིན་པར་བྱ་རྒྱུ་རེད།
ཁྲིམས་འགལ་ཁེ་ལས་དང་འབྲེལ་ཡོད་འགན་འཁྲི་འཁུར་མཁན་ལ་ཁྲིམས་ལྟར་ཉེས་ཆད་ནན་པོར་གཅོད་རྒྱུ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་སྲིད། དེ་དང་ཆབས་ཅིག གཅིག་དཔེ་ཀུན་གྲོལ་བྱས་ཏེ་བཟའ་སྣུམ་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆེད་དམིགས་གྲལ་བཤེར་གྱི་སྒྲིག་འཛུགས་བྱས་པ་རེད། བརྟག་དཔྱད་ཐག་གཅོད་བྱས་འབྲས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注