གུང་ཧོ་རྫོང་གིས་གཞོན་ནུ་ལོ་ཆུང་གི་ལད་ཟློས་ཁྲིམས་རའི་འགྲན་བསྡུར་སྤེལ་བ།

ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་གཞོན་ནུ་ལོ་ཆུང་གི་ལད་ཟློས་ཁྲིམས་རའི་འགྲན་བསྡུར་སྐབས་གསུམ་པ་སྤེལ་བ་དང་། རྫོང་ཡོངས་ཀྱི་འགྲན་བསྡུར་ནང་ཞུགས་པའི་རུ་ཁག9ཡི་གཞོན་ནུ་ལོ་ཆུང120ལྷག་འགྲན་བསྡུར་ནང་ཞུགས། ཐེངས་འདིའི་བྱེད་སྒོ་ནི་གུང་གཞོན་ཚོགས་པ་གུང་ཧོ་རྫོང་ཨུ་ཡོན་ལྷན་ཁང་གིས་རྫོང་ཁྲིམས་འཛིན་ཅུའུ་དང་རྫོང་མི་དམངས་ཁྲིམས་ཁང་། རྫོང་སློབ་གསོ་ཅུའུ། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་ལོ་ཆུང་ལས་དོན་ཨུ་ལྷན་བཅས་དང་མཉམ་འབྲེལ་བྱས་ནས་སྤེལ་བ་རེད། 

“འདྲི་གཅོད་དཔོན་ལ་སྙན་སེང་ཞུ་རྒྱུར། ཁྲིམས་ཁང་གི་གྲ་སྒྲིག་བྱ་བ་ཚར་བས་ཁྲིམས་ས་འཚོགས་ཆོག”ཅེས་པ་དང་ཆབས་ཅིག་གཞོན་ནུ་ལོ་ཆུང་གི་ལད་ཟློས་ཁྲིམས་ཁང་འགྲན་བསྡུར་ཆེན་མོ་དངོས་སུ་མགོ་ཚུགས་པ་རེད། ལད་ཟློས་ཁྲིམས་ཁང་གིས་སློབ་མའི་འཚོ་བ་དང་ཐག་ཉེ་བའི་མཚོན་བྱེད་རང་བཞིན་ལྡན་པའི་ནར་མ་སོན་པའི་བྱིས་པའི་འཕྲོག་བཅོམ་དང་སློབ་ར་ནང་གི་བརྙས་བཅོས། ཁ་བསླུས། བསམ་བཞིན་ཏུ་གནོད་འཚེ་གཏོང་བ་སོགས་ཀྱི་གྱོད་གཞི་མ་དཔེ་བྱས་ཏེ། གཞོན་ནུ་ལོ་ཆུང་སློབ་མས་འདྲི་གཅོད་དཔོན་དང་འདྲི་གཅོད་པ། གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱེད་མཁན། དག་འབུད་བྱེད་མཁན་སོགས་ཁྲིམས་རའི་མི་སྣ་འཁྲབ་སྟོན་བྱས་པ་བརྒྱུད་དེ། ཁྲིམས་སའི་འདྲི་གཅོད་བྱ་ཡུལ་དུ་ངོ་མཚར་ཆེ་བའི་རྩོད་གླེང་བྱས་པ་དང་། འགྲན་བསྡུར་གྱི་རྣམ་པ་་ཛ་དྲག་ཆེ་བ་དང་ཐུན་མོང་མ་ཡིན་པའི་ཁྲིམས་རའི་འདྲི་གཅོད་བརྒྱུད་རིམ་ནང་ན་གཞོན་སློབ་མར་ཁྲིམས་ཀྱི་ཤེས་བྱ་སློབ་བར་མཐུན་རྐྱེན་བསྐྲུན། 

ཁྲིམས་རའི་འདྲི་གཅོད་མཇུག་འགྲིལ་རྗེས་ཞིབ་དཔྱད་ཨུ་ལྷན་དགེ་རྒན་གྱིས་འགྲན་བསྡུར་ནང་ཞུགས་པའི་སློབ་གྲོགས་ཚོའི་གཟབ་ནན་དང་ཚད་ལྡན་གྱི་རྣམ་འགྱུར་དང་། ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཁྲིམས་རའི་འདྲི་གཅོད་ཆ་ཚང་རང་བཞིན་དང་ཚད་ལྡན་རང་བཞིན། ཁྲིམས་རའི་ཐ་སྙད་གནད་འཁེལ་རང་བཞིན་སོགས་ཀྱི་ཐད་ནས་འགྲན་བསྡུར་ནང་ཞུགས་པའི་རུ་ཁག་ཁག་ལ་ཆེད་ལས་ཀྱི་དཔྱད་བརྗོད་གནང་།

ལད་ཟློས་ཁྲིམས་ཁང་གིས་འགྲན་བསྡུར་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཤེས་བྱ་སློབ་སྦྱོང་བྱེད་པའི་སྤྲོ་སེམས་འཕེལ་བ་དང་། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་རྣམ་པ་རྒྱ་ཆེར་གཏོང་བ། གཞོན་ནུ་ལོ་ཆུང་ལ་རང་རྟོགས་ཀྱིས་ཁྲིམས་སྲུང་དང་དོན་དག་འཕྲད་སྐབས་ཁྲིམས་འཚོ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་བསམ་གཞིག་གོམས་གཤིས་དང་། བྱ་སྤྱོད་སྤེལ་སྟངས་གསོ་སྐྱོང་བྱས་ནས་གཞོན་ནུ་ལོ་ཆུང་ལ་མི་ཚེའི“ཁྲིམས་སྐྱོང་གི་འདུ་ཤེས”ཟབ་མོ་ཆགས་པར་མཐུན་རྐྱེན་བསྐྲུན་ནས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་བྱང་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་ཁྲིམས་སྐྱོང་གི་འདུ་ཤེས་མི་ཚང་མའི་སེམས་གཏིང་ལ་ཟུག་ཐུབ་པར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号