ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་མཇལ་འཕྲད་གནང་།


ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་མཇལ་འཕྲད་གནང་།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་འཇར་མན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན། ལོ་ངོ10ཡི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནའང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་སུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་སོང་ནས། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ཐད་སྒུལ་ཤུགས་མཁོ་འདོན་བྱས་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པས། གནད་དོན་འདི་དག་ཐག་གཅོད་བྱེད་པར་རྒྱལ་ཁབ་ཆེན་པོའི་མཉམ་ལས་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེ་གྲས་གཉིས་པ་དང་གསུམ་པ་ཡིན་པ་དང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་དོན་སྙིང་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྱབ་ཁོངས་ལས་བརྒལ་ནས། ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོ་དང་ཐ་ན་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱལ་ཁབ་གཉིས་ཀས་མིག་རྒྱང་རིང་བོ་དང་འཐབ་ཇུས་ཀྱི་མཐོང་སྣེ་ནས་ཕྱོགས་གཉིས་ཀའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་། ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། མཉམ་དུ་ལག་གདང་སྦྲེལ་ཏེ་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་གང་མང་སྣོན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀས་མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་ཡོང་ཆེད་བྱས་རྗེས་གལ་ཆེན་བཞག་མྱོང་། ཀྲུང་གོ་དང་འཇར་མན་བར་དུ་རྩ་བའི་ཁེ་ཕན་ཐད་ཀྱི་འགལ་བ་མེད་ལ། སོ་སོའི་བདེ་འཇགས་ཀྱི་ཐད་ལ་འཇིགས་སྐུལ་བཟོ་མི་སྲིད། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ནི་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་ལ་འཛམ་གླིང་ལའང་ཕན་ཐོགས་ཡོད། འཛམ་གླིང་ཅི་ཙམ་ཟང་ཟིང་དུ་གྱུར་ན་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་མཉེན་ཆ་དང་གསོན་ཤུགས་དེ་ཙམ་གྱིས་ཇེ་ཆེར་གཏོང་རྒྱུ་དང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་གཙོ་བོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་འཇར་མན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་ཡིན་པའི་གནས་བབ་དེ་ཁོང་དུ་བརྟན་པོར་ཆུད་དགོས། ཀྲུང་གོས་འཇར་མན་ལ་ཚད་མཐོའི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཡོད། ཕྱོགས་གཉིས་ཀས་མུ་མཐུད་སྒོ་འབྱེད་ཀྱི་བློ་རྒྱ་ལ་བརྟེན་ནས་འགྲོ་འོང་དམ་ཟབ་བྱས་ཏེ། འཐབ་ཇུས་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་གཉིས་ཕན་བཅས་རྒྱུན་འཁྱོངས་བྱས་ན། གཞི་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་མུ་མཐུད་བརྟན་པོའི་ངང་རྒྱང་རིང་དུ་ཆས་ཐུབ་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་གྱི་ཐོན་ལས་དང་མཁོ་སྤྲོད་ཕྲེང་འབྲེལ་ཕན་ཚུན་དམ་པོར་འབྲེལ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀའི་ཁྲོམ་རས་ཕན་ཚུན་བར་ཚད་མཐོའི་བརྟེན་རེས་བྱེད་ཀྱིན་ཡོད། ཀྲུང་གོ་དང་འཇར་མན་བར་གྱི་གཉིས་ཕན་མཉམ་ལས་ནི“ཉེན་ཁ”ཞིག་མིན་པར་ཕྱོགས་གཉིས་ཀའི་འབྲེལ་བ་བརྟན་པོ་ཡོང་བར་འགན་ལེན་དང་འབྱུང་འགྱུར་བསྐྲུན་པའི་གོ་སྐབས་ཤིག་ཡིན། འཕྲུལ་ཆས་བཟོ་སྐྲུན་དང་རླངས་འཁོར་སོགས་སྲོལ་རྒྱུན་ཁྱབ་ཁོངས་དང་།ཡང་ན་ལྗང་མདོག་ཚུལ་སྒྱུར་དང་གཞི་གྲངས་ཅན། མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་གང་ཡིན་རུང་། རྒྱལ་ཁབ་གཉིས་ཀར་མཉམ་ལས་གཉིས་ཕན་གྱི་སྦས་ཤུགས་ཧ་ཅང་ཆེན་པོ་སྔོག་འདོན་བྱེད་རྒྱུ་ཡོད། ཕྱོགས་གཉིས་ཀས་གཉིས་ཕན་གཉིས་རྒྱལ་གྱི་ཁྱད་ཆོས་མངོན་གསལ་ཅན་དར་སྤེལ་བཏང་ནས་ཕན་ཚུན་ལ་གྲུབ་འབྲས་ཐོབ་པར་བྱེད་དགོས། ཀྲུང་གོས་གློག་སྒུལ་རླངས་འཁོར་དང་ལིས་གློག་རྫས། ཉི་འོད་ནུས་པའི་ཐོན་རྫས་སོགས་ཕྱིར་གཏོང་བྱས་པའི་དབང་གིས། འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ལ། འཛམ་གླིང་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་གྱི་གནོན་ཤུགས་ཇེ་ཆུང་དུ་བཏང་བར་མ་ཟད། འཛམ་གླིང་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀས་ཁེ་ལས་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་བཏང་བ་དང་། ཚང་མས་རང་མོས་ཉོ་ཚོང་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀས་སྲུང་སྐྱོབ་རིང་ལུགས་ཀྱི་མགོ་དགྱེ་བར་དོགས་ཟོན་བྱས་ནས། ཁྲོམ་རའི་མིག་རྒྱང་དང་འཛམ་གླིང་ཧྲིལ་པོའི་མིག་རྒྱང་རྒྱུན་འཁྱོངས་བྱེད་རྒྱུ་དང་། དཔལ་འབྱོར་གྱི་ཆོས་ཉིད་ལྟར། ཐོན་སྐྱེད་ནུས་པའི་གནད་དོན་ལ་ལུགས་མཐུན་དང་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་དགོས་ལ། མཉམ་ལས་ཐད་གྲོས་བསྡུར་གང་མང་བྱེད་དགོས། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ནས། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་འཇར་མན་དུ་འཕེལ་རྒྱས་སུ་གཏོང་བར་དྲང་གཞག་དང་ཡོངས་བསྒྲགས། སྒོ་འབྱེད། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འདོན་རྒྱུའི་རེ་ལྟོས་ཆེ། འཛམ་གླིང་སྣེ་མང་ཅན་གྱི་གནད་དོན་ཐད་ཀྲུང་གོ་དང་འཇར་མན་བར་ཐུན་མོང་གི་ཆ་མང་བོ་ཡོད། སྣེ་མང་ཅན་ནི་ངོ་བོའི་སྟེང་ནས་བཤད་ན། ཤེས་རིག་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ། བགྲོད་ལམ་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་བྱ་རྒྱུ་དེ་ཡིན་ན་འགྲིག ཀྲུང་གོ་དང་འཇར་མན་གྱིས་རང་བཙན་རང་བདག་གིས་ཕྱོགས་མང་ཁྱབ་ཁོངས་ནས་མཉམ་ལས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་དང་འཕེལ་རྒྱས་དོ་སྙོམས་མིན་པ། ས་ཁུལ་གྱི་འཁྲུག་རྩོད་སོགས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་དོ་སྙོམས་དང་བརྟན་ལྷིང་ཡོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས།

ཧྲའོ་ཨར་ཚི་ཡིས་འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་མུ་མཐུད་ཤུགས་སྣོན་རྒྱུ་དང་། ཁྱབ་ཁོངས་སོ་སོའི་བར་གྲོས་མོལ་དང་མཉམ་ལས་ཟབ་སྤེལ་བྱེད་པ། སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། དེ་ནི་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་དེ་བཞིན་འཛམ་གླིང་ལ་མཚོན་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ནས། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་པ་དང་། ཕྱོགས་མང་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་རྒྱུ་ལས། ཕན་ཚུན་ཁ་གཏད་དུ་ལངས་ནས་འགྲན་རྒོལ་བྱ་རྒྱུར་མོས་མཐུན་མེད། འཇར་མན་ཕྱོགས་ཀྱིས་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས་འཇར་མན་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བསྟན།

རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་ཟབ་མོ་གནང་ནས། ཀྲུང་གོ་དང་འཇར་མན་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་བརྩི་སྲུང་བྱེད་རྒྱུ་དང་། ཉིང་རྡུལ་མཚོན་ཆ་སྤྱོད་པའམ་ཞི་བདེ་ཁ་གཡོར་ས་བྱས་ཏེ་ཉིང་རྡུལ་སྒྲིག་ཆས་བཀོལ་ནས་རྒོལ་ལན་སྤྲོད་པར་ངོ་རྒོལ་བྱེད་པ། རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་པ་བཅས་ལ་རྩེ་གཅིག་ཏུ་གཞོལ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་མིག་སྔའི་གནས་སྟངས་འོག་ཏུ། རྒྱལ་ཁབ་ཁག་གི་འཁྲུག་རྩོད་ཧ་ཅང་ཛ་དྲག་ཏུ་འགྱུར་བ་དང་ཐ་ན་ཚོད་འཛིན་བྱེད་མི་ཐུབ་པའི་ཚད་དུ་སླེབས་པར་སྔོན་འགོག་བྱེད་ཆེད། ཕྱོགས་སོ་སོས་མཉམ་དུ་ཞི་བདེ་མྱུར་མོར་སླར་གསོ་ཡོང་བའི་ཐད་རྩེ་གཅིག་ཏུ་འབད་དགོས།  དེ་བས་གཤམ་གསལ་གྱི་རྩ་དོན་འགའ་ཁོང་དུ་ཆུད་དགོས་པ་སྟེ། གཅིག་ནས་ཞི་བདེ་དང་བརྟན་བརླིང་གི་ཆེ་ཕྱོགས་གཙོ་བོར་འཛིན་དགོས་པ་ལས། རང་གི་ཁེ་ཕན་ཁོ་ན་གཉེར་མི་རུང་། གཉིས་ནས་གནས་བབ་ཇེ་ལྷོད་དུ་གཏོང་དགོས་པ་ལས། གནས་བབ་ཛ་དྲག་ཏུ་འཕེལ་བར་བྱེད་མི་རུང་། གསུམ་ནས་ཞི་བདེ་སླར་གསོ་ཡོང་ཆེད་མཐུན་རྐྱེན་གང་རུང་བསྐྲུན་དགོས་པ་ལས་འགལ་བ་སྔར་ལས་ཛ་དྲག་ཏུ་གཏོང་མི་རུང་། བཞི་ནས་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ནས། འཛམ་གླིང་ཧྲིལ་པོའི་ཐོན་ལས་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་ཡོང་བར་གཏོར་བརླག་གཏོང་མི་རུང་། ཀྲུང་གོ་ཕྱོགས་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་བཟོ་མཁན་མིན་པ་དང། དེའི་ནང་ཞུགས་མཁན་ཡང་མིན་པར། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བྱེད་སྟངས་ལ་བརྟེན་ནས་ཞི་བདེ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་གིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཉམས་ཉེན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀས་ཁས་ལེན་ཞིང་ཕྱོགས་གཉིས་ཀ་འདྲ་མཉམ་ངང་ཞུགས་པ། ཞི་བདེའི་ཇུས་གཞི་ཚང་མར་དྲང་གཞག་ངང་གྲོས་བསྡུར་བཅས་བྱེད་པའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་འཚོགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་མ་ཟད། དེའི་ཐད་འཇར་མན་དང་བཅས་པའི་འབྲེལ་ཡོད་ཕྱོགས་སོ་སོའི་བར་འབྲེལ་གཏུག་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས།

ཕྱོགས་གཉིས་ཀས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་མཉམ་དུ་དོ་ཁུར་བྱེད་སའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་གནང་།

གྲོལ་མོལ་གནང་ཚར་རྗེས། ཞི་ཅིན་ཕིང་དང་ཧྲའོ་ཨར་ཚི་ཡིས་མཉམ་དུ་འཆམ་འཆམ་གནང་ནས་དགུང་ཟས་མཉམ་རོལ་གནང་བར་མ་ཟད། རྒྱ་ཁྱབ་ཀྱི་གྲོས་གཞིའི་ཐད་ནས་སྔར་ལས་དགོངས་འཆར་བརྗེ་རེས་ཟབ་མོ་གནང་།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号