ཏིན་ཞུའེ་ཞང་གིས་ཨ་རིའི་ཆེད་ཁེ་ཚོང་རྟགས་ཅུའུ་ཡི་ཅུའུ་ཀྲང་ཁའེ་ཏི་ཝེ་ཏ་ཨར་ལ་ཐུག་འཕྲད་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་ཚེས15ཉིན་པེ་ཅིན་དུ་ཨ་མེ་རི་ཁའི་ཆེད་ཁེ་ཚོང་རྟགས་ཅུའུ་ཡི་ཅུའུ་ཀྲང་ཁའེ་ཏི་ཝེ་ཏ་ཨར་ལ་ཐུག་འཕྲད་གནང་།

ཟླ4པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིན་དུ་ཨ་མེ་རི་ཁའི་ཆེད་ཁེ་ཚོང་རྟགས་ཅུའུ་ཡི་ཅུའུ་ཀྲང་ཁའེ་ཏི་ཝེ་ཏ་ཨར་ལ་ཐུག་འཕྲད་གནང་།

ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏིན་གྱིས་ཀྲུང་ཨ་འབྲེལ་བར་ཅིའུ་ཅིན་ཧྲན་གྱི་ཕུགས་འདུན་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་ནན་ཏན་སྒོས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། ཕུགས་འདུན་མངོན་འགྱུར་བྱེད་པ་དང་། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁ་དང་མཉམ་དུ་ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་བཏང་ནས། ཤུགས་ཆེན་པོས་ཕན་ཚུན་གྱི་ཐུགས་ཁུར་གནད་དོན་ཐག་གཅོད་བྱེད་པ་དང་། དྲང་བདེན་དང་འདྲ་མཉམ། མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་འདོད་ཡོད།

ཝེ་ཏ་ཨར་གྱིས་བསྟན་དོན། ཨ་མེ་རི་ཁའི་ཆེད་ཁེ་ཚོང་རྟགས་ཅུའུ་ཡིས་ཀྲུང་གོའི་ཤེས་བྱའི་ཐོན་དབང་མཉམ་ལས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། གླེང་མོལ་བརྗེ་རེས་དང་འབྲེལ་འདྲིས་མཉམ་ལས་ལ་ཤུགས་བསྣན་ཏེ། གསར་སྐྲུན་གཙོ་གཞིར་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱེད་པ་དང་། སྔར་ལས་ལྷག་པར་གསར་སྐྲུན་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་མངོན་འགྱུར་བྱེད་འདོད་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号