ཕིན་ལི་ཡོན་གྱིས་འཇར་མན་པའོ་ལི་རྒྱ་སྐད་མཉམ་ལེན་ཚོགས་པའི་དགེ་སློབ་ཀྱི་འཐུས་མིར་ཐུག་འཕྲད་གནང་བ།

ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་རུ་ཀྲུང་གོར་འཚམ་འདྲིར་ཕེབས་པའི་འཇར་མན་པའོ་ལི་རྒྱ་སྐད་མཉམ་ལེན་ཚོགས་པའི་དགེ་སློབ་ཀྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་ཕིན་ལི་ཡོན་སློབ་གྲྭའི་དཔེ་ཁང་དུ་ཕེབས་པར་དགེ་སློབ་ཚོའི་དགའ་བསུ་ཐོབ་པའི་ཚུལ་རེད།

ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་རུ་ཀྲུང་གོར་འཚམ་འདྲིར་ཕེབས་པའི་འཇར་མན་པའོ་ལི་རྒྱ་སྐད་མཉམ་ལེན་ཚོགས་པའི་དགེ་སློབ་ཀྱི་འཐུས་མིར་ཐུག་འཕྲད་གནང་།

དཔྱིད་ཟླ3པའི་པེ་ཅིན་ནི་མེ་ཏོག་དྲི་བསུང་འཐུལ་ལ། གང་སར་སྐྱེ་སྟོབས་རྒྱས་ཡོད། ཕིན་ལི་ཡོན་སློབ་གྲྭའི་དཔེ་ཁང་དུ་ཕེབས་པར། དགེ་སློབ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ།

ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་རུ་ཀྲུང་གོར་འཚམ་འདྲིར་ཕེབས་པའི་འཇར་མན་པའོ་ལི་རྒྱ་སྐད་མཉམ་ལེན་ཚོགས་པའི་དགེ་སློབ་ཀྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་ཕིན་ལི་ཡོན་གྱིས་མཉམ་ལེན་ཚོགས་པའི་སློབ་མའི་འཐུས་མི་དང་བྱམས་བརྩེའི་ངང་ཁ་བརྡ་བྱེད་པའི་ཚུལ་རེད།

ཕིན་ལི་ཡོན་གྱིས་པའོ་ལི་རྒྱ་སྐད་མཉམ་ལེན་ཚོགས་པའི་དགེ་སློབ་རྣམས་ཡང་བསྐྱར་ཀྲུང་གོར་འཚམ་འདྲིར་ཕེབས་པར་དགའ་བསུ་ཞུས་ལ། མཉམ་ལེན་ཚོགས་པས་ལོ་ངོ10རིང་གླུ་སྐད་ལ་བརྟེན་ནས་མཛའ་བརྩེ་བརྒྱུད་སྒྲོག་བྱས་པར་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས། ཕིན་ལི་ཡོན་གྱིས་བསྟན་དོན། ཚང་མའི་ཐུན་མོང་གི་འབད་བརྩོན་འོག མཉམ་ལེན་ཚོགས་པས་ཀྲུང་འཇར་རིག་གནས་བརྗེ་རེས་ཀྱི་ཟམ་པ་ལྟ་བུ་བསྐྲུན་པ་དེ་ཀྲུང་འཇར་མཛའ་བརྩེའི་མིང་བྱང་ངོ་མཚར་ཞིག་ཏུ་གྱུར་ཡོད། དགེ་སློབ་རྣམས་ཀྱིས་རོལ་དབྱངས་གི་ལྡེ་མིག་སྤྱད་དེ་རྒྱ་སྐད་ཀྱི་འཇིག་རྟེན་གསར་བའི་སྒོ་གླེགས་ཕྱེས་ནས། འཇམ་མཉེན་གྱི་དབྱངས་རྟའི་ཁྲོད་ཀྲུང་གོའི་རིག་གནས་ཀྱི་མཛེས་པར་རོལ་མྱོང་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་འཇར་མཛའ་བརྩེའི་ཕོ་ཉ་བྱེད་རྒྱུའི་རེ་བ་ཡོད།

མཉམ་ལེན་ཚོགས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨར་མན་གྱིས་ཕིན་ལི་ཡོན་གྱིས་དུས་ནམ་ཡང་མཉམ་ལེན་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ལ། གླུ་དབྱངས་བླངས་ནས་རྒྱ་སྐད་སློབ་པ་བརྒྱུད། སྔར་ལས་མང་པའི་འཇར་མན་ན་གཞོན་གྱིས་ཀྲུང་གོར་རྒྱུས་ལོན་དང་དགའ་ཞེན་བྱེད་པ་དང་། ཁོ་ཚོས་ཧུར་ཐག་གིས་རོལ་དབྱངས་དང་རྒྱ་སྐད་ཀྱི་བརྗེ་རེས་ཟམ་པ་བཙུགས་ཏེ། འཇར་ཀྲུང་ན་གཞོན་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་མུ་མཐུད་དུ་གཏིང་ཟབ་དུ་གཏོང་རྒྱུ་ཡིན།

མཉམ་ལེན་ཚོགས་པའི་སློབ་མའི་འཐུས་མི་ཡིས་རྒྱ་སྐད་ཀྱིས་ཕིན་ལི་ཡོན་ལ་རང་སོ་སོའི་སློབ་སྦྱོང་གནས་ཚུལ་དང་ཉམས་མྱོང་། ཀྲུང་གོའི་བརྩེ་བ་བཅས་སྙན་ཞུ་ཕུལ་ལ། མུ་མཐུད་དུ་རྒྱ་སྐད་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་ཡིན་པར་བསྟན།

ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་རུ་ཀྲུང་གོར་འཚམ་འདྲིར་ཕེབས་པའི་འཇར་མན་པའོ་ལི་རྒྱ་སྐད་མཉམ་ལེན་ཚོགས་པའི་དགེ་སློབ་ཀྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་ཕིན་ལི་ཡོན་དང་ཀྲུང་འཇར་ན་གཞོན་གྱིས་མཉམ་པར་ལེན་པའི་ཚུལ་རེད།

ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་རུ་ཀྲུང་གོར་འཚམ་འདྲིར་ཕེབས་པའི་འཇར་མན་པའོ་ལི་རྒྱ་སྐད་མཉམ་ལེན་ཚོགས་པའི་དགེ་སློབ་ཀྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་མཉམ་ལེན་ཚོགས་པའི་སློབ་གྲོགས་རྣམས་ཀྱིས་ཕིན་ལི་ཡོན་ལ་ཕིན་ལི་ཡོན་དང་མཉམ་ལེན་ཚོགས་པའི་ལོ་ངོ10རིང་གི་མཛའ་མཐུན་འགྲོ་འོང་གི་རྗེས་དྲན་པར་དེབ་སྟེར་བའི་ཚུལ་རེད།

ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་རུ་ཀྲུང་གོར་འཚམ་འདྲིར་ཕེབས་པའི་འཇར་མན་པའོ་ལི་རྒྱ་སྐད་མཉམ་ལེན་ཚོགས་པའི་དགེ་སློབ་ཀྱི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་ཕིན་ལི་ཡོན་གྱིས་ཀྲུང་འཇར་སློབ་མས་རྒྱལ་ཁབ་གཉིས་ཀྱི་གླུ་དབྱངས་ལེན་པར་རོལ་མྱོང་བྱེད་པའི་ཚུལ་རེད།

སློབ་མ་རྣམས་ཀྱིས་ཐུན་མོང་ཐོག་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་གླུ་དབྱངས་བླངས་ནས་ཚང་མའི་དགའ་བསུ་ཐོབ།

པའོ་ལི་རྒྱ་སྐད་མཉམ་ལེན་ཚོགས་པ་ནི་འཇར་མན་ན་གཞོན་གྱིས་གླུ་དབྱངས་བླངས་ནས་རྒྱ་སྐད་སློབ་པའི་བྱ་འགུལ་གྱི་ཚོང་གཉེར་མ་ཡིན་པའི་སྤྱི་ཕན་ལས་ཁུངས་ཤིག་ཡིན་ལ། ཀྲུང་འཇར་དམངས་ཁྲོད་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བཟུང་ཞིང་། ཧུར་ཐག་གིས་སྐད་ཆ་དང་རིག་གནས་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་གཏིང་ཟབ་དུ་གཏོང་བར་གཞོལ་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号