དཔལ་ཡོན་བརྗེ་རེས་དཔེར་ལེན་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐད་སྒུལ་ཤུགས་གསར་བ་བསྣན།

ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་བྱད་རིག་མཛོད་ཀྱི་མཐོ་རིམ་གླེང་སྟེགས་ཉེ་སྔོན་མཱ་ལེ་ཞི་ཡཱའི་ཅི་ལུང་ཕའོ་ནས་བདེ་བླག་ངང་སྤེལ། དེའི་སྐབས་སུ་ཚོགས་ཞུགས་སྐུ་མགྲོན་དག་གིས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་སྒུལ་ནུས་གསར་བ་གཅིག་སྡུད་བྱེད་པ་བརྗོད་སྙིང་དུ་བཟུང་ནས་བརྗེ་རེས་གཏིང་ཟབ་བྱས་པ་དང་། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་བྱད་རིག་མཛོད་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་ཅི་ལུང་ཕའོ་ཐུན་མོང་ལྟ་ཚུལ་བཀོད་པར་མ་ཟད། མཚོ་ཐོག་གི་དར་གོས་ཚོང་ལམ་གྱི་རེ་འདུན་སྟེ་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་བར་སྟོང་གསར་བ་ཞེས་པའི་རིག་མཛོད་སྙན་ཞུ་སྤེལ། ཚོགས་ཞུགས་སྐུ་མགྲོན་དག་གིས་བལྟས་ན། སྨྱན་བྱད་དང་རིག་མཛོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དེ་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་ཡོན་བརྗེ་རེས་དཔེར་ལེན་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་མིག་དཔེ་འཛུགས་པར་དོན་སྙིང་གལ་ཆེན་ལྡན་ལ། ཀྲུང་གོ་དང་ཉེ་འཁོར་རྒྱལ་ཁབ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཕན་ཐོགས་ཡོད་པར་འདོད།

ལའོ་ཝའོ་ཡི་པཱ་ཐི་ལེའོ་འཕྲིན་གཏོང་ཁང་གི་མགོ་གཙོ་གཞོན་པ་ཝན་སེ་ཞི་ཕན་ཁཱ་མུའུ་ཡིས་བསྟན་དོན། དཔལ་ཡོན་བརྗེ་རེས་དཔེར་ལེན་དང་མཚོ་ཐོག་གི་དར་གོས་ཚོང་ལམ་གྱི་མཉམ་ལས། མིས་བཟོས་རིག་ནུས་ཀྱི་བཅོས་བསྒྱུར་སོགས་གྲོས་གཞི་བཀོད་སྒྲིག་བྱེད་པའི་དུས་ལ་བབས་ཡོད་པ་དང་། མ་འོངས་པར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་སྨྱན་བྱད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གལ་འགངས་ཧ་ཅང་ཆེ་ལ། ཀྲུང་གོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། སྨྱན་བྱད་དང་རིག་མཛོད་ཀྱི་བརྗེ་རེས་མཉམ་ལས་ལ་ནམ་རྒྱུན་དུ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

མཱ་ལེ་ཞི་ཡཱའི་རྒྱལ་ཁབ་གསར་འགྱུར་ཁང་གི་ཀྲུའུ་ཞི་ཧོང་ཀྲིན་ཝེ་ཡིས་བལྟས་ན། དཔལ་ཡོན་བརྗེ་རེས་དཔེར་ལེན་དེ་རིག་གནས་དང་དཔལ་ཡོན་མི་འདྲ་བའི་བར་གྱི་བསམ་བློ་དང་རིན་ཐང་ལྟ་བ་མཉམ་སྤྱོད་བྱེད་པར་འབྲེལ་བ་ཡོད་པས། ཕྱིན་ཆད་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་མུ་མཐུད་དུ་སྨྱན་བྱད་དང་རིག་མཛོད་ཀྱི་གླེང་སྟེགས་འདི་འདྲ་སྤེལ་བར་རེ་སྒུག་བྱས་ཡོད། 2025ལོར་རྒྱང་བལྟ་བྱས་ན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་མུ་མཐུད་དུ་ལག་རྩལ་གསར་གཏོད་ཁྱབ་ཁོངས་དང་ཁྱད་པར་དུ་གཞི་གྲངས་དང་མིས་བཟོས་རིག་ནུས་ཁྱབ་ཁོངས་ནས་མཉམ་ལས་གཏིང་ཟབ་སྤེལ་དགོས་ལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་སྨྱན་བྱད་ལས་ཁུངས་ཀྱིས་ནང་དོན་དང་མིས་བཟོས་རིག་ནུས་ཀྱི་གསོ་སྦྱོང་རྒྱབ་སྐྱོར་ཐད་ནས་མཉམ་འབྲེལ་ལས་གཞི་ལག་བསྟར་བྱས་ཆོག་པ་དང་། དེས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་ཐུབ་པར་འདོད།

ཧིན་རྡུ་ཉི་ཞི་ཡཱ་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཝེ་ཀྲིན་ཡུས་ཀྱིས་བསྟན་དོན། ཀྲུང་གོའི་སྲིད་ཇུས་དེ་ཐོག་མཐའ་བར་གསུམ་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་ཐུན་མོང་ཁེ་ཕན་དང་གཅིག་འདྲ་ཡིན་ལ། ཐུན་མོང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ཀྱི་དམིགས་འབེན་ལ་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁོངས་ཀྱི་མ་ལག་ཁྲོད་སྲོག་ཤིང་ནུས་པ་ཐོན་པར་རྒྱབ་སྐྱོར་བྱེད་པ་དང་། འབྲེལ་བ་སྔར་ལས་དམ་ཟབ་ཡིན་པའི་ཐུན་མོང་གི་མ་འོངས་པ་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ལ། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ནི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་སྟོན་བཟང་བོ་ཞིག་ཡིན་པར་མ་ཟད། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་འཆམ་མཐུན་གཏན་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས་ཟེར།

ཁམ་ཕུ་ཀྲེའི་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ནེ་ཀྲན་ཏཱ་ལི་ཡིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་དར་རྒྱས་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་པ་དང་། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་སྔར་ལས་ཟབ་པའི་རོགས་ལས་རྐྱེན་སྲོལ་བཙུགས་ནས་ཕན་ཚུན་བར་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ། དཔལ་འབྱོར་བརྗེ་རེས་སྔར་ལས་ཇེ་མང་དུ་སོང་སྟེ། ཁེ་ཕན་རེ་འདོད་ཐད་ནས་འབྲེལ་འདྲིས་གང་ལེགས་བྱེད་དགོས་ཟེར།

མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་མཛའ་མཐུན་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཅི་ཏི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་དར་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། 2025ལོའི་མཱ་ལེ་ཞི་ཡཱ་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཡོད་ལ། ཐེངས་འདིའི་གླེང་སྟེགས་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་བརྗོད་སྙིང་དུ་བྱས་པ་དང་། དེའི་ནང་མཚོ་ཐོག་གི་དར་གོས་ཚོང་ལམ་གྱི་མཉམ་ལས་ལ་ཤུགས་སྣོན་པའི་གྲོས་གཞི་འདུས་ཡོད་པས། ལུགས་དང་མཐུན་པ་ཞིག་ཡིན་པར་བརྗོད་ཆོག་ཟེར།

མཱ་ཅི་ཏི་ཡིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ཐད་གྲུབ་འབྲས་བཟང་བོ་ལོན་ཡོད་ཅིང་། དཔལ་འབྱོར་འཕར་སྣོན་དང་དར་རྒྱས། མཉམ་འདྲེས། དེ་མིན་གཅིག་འབྲེལ་གཅིག་བརྟེན་དང་ཕན་ཚུན་རྒྱུས་ལོན་བཅས་ལ་སྐུལ་འདེད་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་གཞི་དེ་མུ་མཐུད་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ས་ཁོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་འཕེལ་རྒྱས་གྲོས་གཞི་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ནས། ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་གྱི་འགྲུལ་བཞུད་གསར་བ་གསར་འབྱེད་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号