ཐི་ལིང་ཕུའུ་ཡིས་དབྱི་ལིང་གིས་གྲོས་མོལ་འཕེལ་རིམ་ལ་འགོར་འགྱངས་བྱེད་བཞིན་པའི་ཚུལ་བསྟན།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས14ཉིན་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་འཕེལ་རིམ་ལ་འགོར་འགྱངས་བྱེད་བཞིན་ཡོད་པས། ཨ་མེ་རི་ཁས་དེར་རྒོལ་ལན་དྲག་པོ་སྤྲོད་ངེས་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་སཱ་ཨར་ཝ་ཏའོ་ཡི་ཙུང་ཐུང་པུའུ་ཁི་ཨར་ལ་ཐུག་འཕྲད་བྱེད་སྐབས་གསར་འགོད་པར་བཤད་རྒྱུར། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་མཚོན་ཆའི་ཞིབ་འཇུག་ལེགས་འགྲུབ་འབྱུང་ལ་ཉེ་བས། དབྱི་ལིང་ཕྱོགས་ཀྱིས་དུས་ཚོད་འགོར་འགྱངས་བྱེད་བཞིན་ཡོད་ཟེར།
ཁོས་བཤད་རྒྱུར། དབྱི་ལིང་གིས་ངེས་པར་དུ་ཉིང་རྡུལ་མཚོན་ཆ་ཐོབ་འདོད་ཀྱི་བསམ་ཚུལ་བསྐྱུར་དགོས་པ་དང་། དེ་ལྟ་མིན་ཚེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཨ་མེ་རི་ཁའི་དམག་དོན་ཆམ་ཕབ་ཐེབས་སྲིད་ཟེར།
དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་བརྒྱུད་པའི་གྲོས་མོལ་དེ་ཚེས12ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་སྤེལ། བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཚེས19ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注