དབྱི་སི་རལ་གྱིས་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་ཡོད་ཅེས་བརྗོད་པ་དང་། ཀ་ཧྲ་ཕྱོགས་ནས་དབྱི་སི་རལ་དམག་གིས་ཀ་ཧྲ་ཡི་ལ་ཧྥ་ས་ཁུལ་ཁྱོན་ཡོངས་ནས་གཏོར་བརླག་བཏང་ཡོད་ཅེས་བརྗོད་པ།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་སྤྱི་ཚེས6ཉིན་གསལ་བསྒྲགས་སྤེལ་ཏེ། དགོང་མོ་དེར་མེ་ཤུགས་འཕུར་མདེལ10ཙམ་ཀ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཕེན་གཏོང་བྱས་ཡོད་པ་དང་། དབྱི་སི་རལ་མཁའ་དམག་གིས་དེ་དག་ཁྲོད་ཀྱི་མེ་ཤུགས་འཕུར་མདེལ5འགོག་ཐུབ་ཡོད་ཅེས་བརྗོད་ཡོད།  དབྱི་སི་རལ་གྱི་སྨྱན་སྦྱོར་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། འདི་ནི་ཟླ་འགའི་རིང་དབྱི་སི་རལ་ལ་ཀ་ཧྲ་ས་ཁུལ་ཕྱོགས་ནས་བྱས་པའི་“གཞི་ཁྱོན་ཆེ་ཤོས་ཀྱི་འཇབ་རྒོལ་”དེ་ཡིན་པ་རེད།  ཕ་ལེ་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ་(ཧ་མ་སིའི་)ཁོངས་གཏོགས་དྲག་ཆས་ཕྱོགས་ཁག་ཁ་སང་ལུའེ་ཤོག་གིས་སྤྱི་ཚེས6ཉིན་གྱི་དགོང་མོར་དབྱི་སི་རལ་ལྷོ་རྒྱུད་གྲོང་ཁྱེར་ཨ་ཧྲི་ཏུའུ་ཏེར་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱས་ཡོད་ཅེས་བརྗོད་ཡོད།

ཀ་ཧྲ་ས་ཁུལ་གྱི་སྨྱན་སྦྱོར་གཞུང་ལས་ཁང་གིས་སྤྱི་ཚེས6ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་བསྟུད་མར་དབྱི་སི་རལ་དམག་དཔུང་གིས་ཀ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ལ་ཧྥ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྒྲིག་བཀོད་གལ་ཆེན། སྡོད་ཁང་བཅས་ཁྱོན་ཡོངས་ནས་གཏོར་བརླག་བཏང་བས་ས་ཁུལ་ཧྲིལ་པོར་མི་སྡོད་མི་ཐུབ་པ་བཟོས་ཡོད། 

གཞུང་ལས་ཁང་དེས་ལ་ཧྥ་ས་ཁུལ་གྱི་ཁང་པ90%ཡན་ལ་གཏོར་སྐྱོན་ཕོག་པ་དང་སྤྱི་ལེ320ཡི་འགྲོ་ལམ་རྦད་དེ་རྩ་གཏོར་བཏང་བའམ་ཡང་ན་ཤུལ་མེད་དུ་བཏང་ཡོད། དེ་དང་ཆབས་ཅིག་དབྱི་སི་རལ་དམག་དཔུང་གིས་ད་དུང་ས་གནས་དེ་གའི་ཁྲོན་པ་མང་ཆེ་བ་རྩ་གཏོར་བཏང་བས་ཁྱིམ་ཚང་ཁྲི་ཁ་ཤས་ལ་འཐུང་ཆུ་རག་ཐབས་བྲལ་བ་དང་། ད་དུང་ས་ཁུལ་དེའི85%ལས་བརྒལ་བའི་བཙོག་ཆུའི་མདོང་ལམ་དྲ་བར་གཏོར་སྐྱོན་ཕོག་ཡོད། གཞན་ཡང་ལ་ཧྥ་ས་ཁུལ་གྱི་སྨན་བཅོས་ལྟེ་གནས12ཀྱིས་ཞབས་ཞུ་བྱེད་མཚམས་རྦད་དེ་བཞག་པ་དང་སློབ་གྲྭ་དང་སློབ་གསོའི་སྒྲིག་གཞི8ཀྱང་རྩ་གཏོར་བཏང་ཡོད་ཅེས་བསྟན་ཡོད། 

ཀ་ཧྲ་ས་ཁུལ་གྱི་སྨྱན་སྦྱོར་གཞུང་ལས་ཁང་གིས་སྤྱི་ཚེས6ཉིན་གསལ་བསྒྲགས་སྤེལ་ནས་སྤྱི་ཟླ3ཚེས18ཉིན་དབྱི་སི་རལ་དམག་དཔུང་གིས་དམག་མཚམས་འཇོག་པའི་གྲོས་མཐུན་དང་རྒྱབ་འགལ་བྱས་ཏེ།  ཀ་ཧྲའི་དམག་འཁྲུག་སླར་གསོ་བྱས་པ་ནས་བཟུང་བྱིས་པ490འཇབ་རྒོལ་ཁྲོད་ཚེ་ལས་འདས་པ་དང་། འདས་གྲོངས་སུ་གྱུར་བའི་མི་ཁྱོན་སྡོམ1350ཟིན་ཡོད་ཅེས་བརྗོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号