རྒྱལ་ཁབ་མང་པོ་ཞིག་གིས་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་བཟོས་ཡོད་ཅེས་བརྗོད་པ།

རྒྱལ་ཁབ་མང་པོའི་མི་སྣས་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་གོ་ལ་ཧྲིལ་པོའི་ཉོ་ཚོང་མ་ལག་ལ་གཏོར་བཤིག་བཏང་བ་དང་། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་བཟོས་ཡོད་ཅེས་བརྗོད་འདུག

ཁ་ན་ཏའི་ནོར་སྲིད་པུས་ཚེས8ཉིན་ཨ་རིའི་རླངས་འཁོར་ལ་འདྲ་མཚུངས་ཀྱི་སྒོ་ཁྲལ25%བསྡུ་བའི་བྱེད་ཐབས་དེ་ཨ་རིའི་ཤར་རྒྱུད་དུས་ཚོད་ཚེས9ཉིན་གྱི་ཆུ་ཚོད0:01ནས་ནུས་པ་ཐོན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཁ་ན་ཏས་ད་དུང་རླངས་འཁོར་ཐོན་སྐྱེད་ཚོང་པར་དམིགས་ནས་སྒོ་ཁྲལ་ཆག་ཡང་ གི་ཇུས་གཞི་ལག་བསྟར་བྱས་ནས། རླངས་འཁོར་ཐོན་སྐྱེད་ཚོང་པས་ཁ་ན་ཏར་མ་འཇོག་དང་ཐོན་སྐྱེད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་རེད།

ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁེ་སེན་གྱིས་ཚེས8ཉིན་ཨ་རིས་སྒོ་ཁྲལ་འཕར་བསྡུ་བྱེད་པ་དེ་གཏན་འཁེལ་བྱས་པའི་སྒྲིག་སྲོལ་ལས་འགལ་ནས། གོ་ལ་ཧྲིལ་པོ་ཚོང་དོན་དམག་འཁྲུག་གི་ཉེན་ཁའི་གནས་སུ་ལྷུང་དུ་བཅུག་ཅིང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་བའི་མདུན་ལྗོངས་ལ་གཏོར་བཤིག་བཏང་ཡོད་ཅེས་བརྗོད་ཡོད།

སི་ཕེན་གྱི་དཔལ་འབྱོར་དང་ཚོང་དོན་ཁེ་ལས་བཅས་ཀྱི་བློན་ཆེན་ཁ་ལུའོ་སི·ཁུའེ་ཨེར་པོ་ཡིས་ཚེས8ཉིན། སི་ཕེན་སྲིད་གཞུང་གིས་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ལ་ཁ་གཏད་གཅོག་པའི་བཀའ་ཁྲིམས་རབ་དང་རིམ་པར་ཆོག་མཆན་སྤྲད་ཡོད། ཁྱོན་བསྡོམས་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར141ཟིན་པའི་མ་དངུལ་བཀོད་གཏོང་བྱས་ནས། ཨ་རིས་ཚོང་དོན་དམག་འཁྲུག་བསླངས་པ་ལས་བྱུང་བའི་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ཡིས་ཚེས8ཉིན། སིང་ཀ་ཕོར་དང་ཨ་རིའི་བར་ཉོ་ཚོང་དྲང་ཁྱད་ཀྱི་འབྲེལ་བ་ཡིན་ནའང་། ཨ་རིས་སྔར་བཞིན་སིང་ཀ་ཕོར་འདྲ་མཚུངས་སྒོ་ཁྲལ་ཟེར་བ་བསྡུ་གི་ཡོད། དེ་རྒྱལ་ཁབ་གཉིས་པོའི་རང་མོས་ཉོ་ཚོང་གྲོས་ཆོད་དང་འགལ་ཡོད་ལ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་དང་ཡང་འགལ་བ་རེད་ཅེས་བརྗོད་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་ཚེས8ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་ནས། ཉོ་ཚོང་དམག་འཁྲུག་ཁྲོད་རྒྱལ་ཁ་ཐོབ་མཁན་མེད། དཔལ་འབྱོར་ཉམས་རྒུད་དུ་སོང་ན། མཇུག་འབྲས་ཤིན་ཏུ་ངན་པ་ཐོན་སྲིད་ཅིང་། ལྷག་དོན་དུ་གོ་ལ་ཧྲིལ་པོའི་ཆེས་དབུལ་ཕོངས་ཀྱི་མི་ཚོགས་ལ་ཆག་སྒོ་ཆེན་པོ་འཕྲད་རྒྱུ་རེད་ཅེས་བརྗོད་ཡོད།

ཨ་རིའི་ཧ་ཧྥོ་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ། ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་ཟུར་པ་ལའོ་ལུན་སི·ས་མོ་སིས་ཚེས8ཉིན། ཐེ་རོན་ཕུའུ་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྒོ་ཁྲལ་བྱེད་ཐབས་དེའི་དབང་གིས། ཨ་རི་མིག་སྔར་དཔལ་འབྱོར་ཉམས་རྒུད་ཀྱི་ཕྱོགས་སུ་འགྲོ་བཟོ་ཡོད་པ་དང་། ཨ་རི་བ་ཁྲི200ཙམ་ལས་ཀ་ཤོར་སྲིད་པ། ཨ་རི་བའི་ཁྱིམ་ཚང་རེ་རེར་ཆ་བཞག་ན་ཉུང་མཐར་ཡང་ ཡོང་འབབ་ཨ་སྒོར5000ཙམ་གྱི་གྱོང་གུན་ཕོག་སྲིད་ཅེས་བརྗོད་ཡོད།

ཉིའུ་གཡོད་མ་རྐང་ཁྲོམ་རའི་མ་རྐང་སྟོན་གྲངས་ཆེན་པོ་གསུམ་ཚེས་8ཉིན་ཆག་པ་དང་། ཏའོ་ཆིང་སིའི་བཟོ་ལས་ཀྱི་ཆ་སྙོམས་སྟོན་གྲངས0.84%ཆག་པ། ཚད་ལྡན་ཕུའུ་ཨེར་གྱི་མ་རྐང་འཛིན་ཤོག་རིགས500ཡི་སྟོན་གྲངས1.57%ཆག་པ་དང་། ན་སི་ཏ་ཁེའི་ཕྱོགས་བསྡུས་སྟོན་གྲངས2.15%ཆག་པ་རེད། དེའི་ནང་ཚད་ལྡན་ཕུའུ་ཨེར500སྟོན་གྲངས་ཀྱི་ཁྱབ་ཁོངས་ཆེན་པོ་བཅུ་གཅིག་ཕྱོགས་ཡོངས་ནས་ཆག་པ་དང་། རྒྱུ་ཆ་དང་དགོས་ངེས་མིན་པའི་འཛད་སྤྱོད་དངོས་རྫས་ཁྱབ་ཁོངས་ཁག་སོ་སོར2.96%དང2.54%ཆག་པ་རེད།

ཨ་སྒོར་སྟོན་གྲངས་ཚེས8ཉིན་ཆག་ཡོད། ཨ་སྒོར་གྱིས་དངུལ་ལོར་གཙོ་བོ་དྲུག་ལ་བསྡུར་ཞིབ་བྱེད་པའི་ཨ་སྒོར་སྟོན་གྲངས་ཉིན་དེར0.30%ཆག་ཡོད་པ་རེད།

རྒྱལ་སྤྱིའི་སྣུམ་རིན་ཚེས8ཉིན་ཆག་ཡོད། ཉིན་དེར་ཚོང་མཇུག་སྒྲིལ་བའི་བར་ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་ཁང་གིས་ཟླ5པར་རྩིས་སྤྲོད་བྱས་པའི་ཡང་བའི་རང་བཞིན་གྱི་མ་བཅོས་རྡོ་སྣུམ་དུས་བཅད་ཚོང་ཟོག་གི་རིན་གོང1.85%ཆག་པ་དང་། ཟླ་བ6པར་ཚོང་ཟོག་རྩིས་སྤྲོད་བྱེད་པའི་ལུན་ཏུན་པུའུ་ལུན་ཐེའི་མ་བཅོས་རྡོ་སྣུམ་དུས་བཅད་ཚོང་ཟོག་གི་རིན་གོང2.16%ཆག་ཡོད་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号