མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་སྟེང་ཨ་རིས་སང་ལོའི་འཛམ་གླིང་ཚོང་དོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སུ་འཇུག་རྒྱུ་ཡིན་པར་བཤད།

ཚེས5ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་སྟེང་།  ་2025ལོའི་ཚོང་དོན་གྱི་མདུན་ལམ་དེ་ཨ་རིའི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་བའི་དབང་གིས་ཤུགས་རྐྱེན་མི་ལེགས་པ་ཐེབས་པ་ལས་སྒོ་ཁྲལ་མང་དུ་གཏོང་རྒྱུ་ཡིན་པ་དེས་འཛམ་གླིང་གི་རིན་ཐང་འབྲེལ་ཐག་ལ་ཟང་ཟིང་བཟོ་སྲིད་པར་བསྟན།

གནས་ཚུལ་སྤེལ་བ་ལས། ཚེས5ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་འཚོང་འཕེལ་རྒྱས་ཚོགས་འདུའི་སྟེང་གི་སྔོན་དཔག་སྙན་ཞུ་གསར་ཤོས་ཤིག་གི་ནང་དུ།  ཨ་རིའི“ ཚོང་ལས་རོགས་ཟླ་གཙོ་བོར”ཡང་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་ཐ་ཚིག་བསྒྲགས་ཡོད་པ་རེད།

སྙན་ཞུའི་ནང“བྱ་ཐབས་དེ་དག་གིས་འཁོན་ལན་སློག་པ་དང་ཞོར་འབྲེལ་གྱི་ཕན་འབྲས་ཐོན་ནས་མཁོ་སྤྲོད་འབྲེལ་ཐག་ཐོག་གི་ཐོན་ལས་དང་དཔལ་འབྱོར་དངོས་ཕུང་སོ་སོར་ཤུགས་རྐྱེན་ཐེབས་སྲིད”ཅེས་འཁོད་ཡོད་པ་རེད།

ལས་ཁུངས་དེས་ནན་གྱིས་བསྟན་དོན། སྒོ་ཁྲལ་གྱི་འཇིགས་སྐུལ་ཙམ་གྱིས་ཀྱང་ངེས་གཏན་མིན་པའི་རང་བཞིན་འབྱུང་སྲིད་པ་དང་། ཉོ་འཚོང་དང་མ་རྩ་འཇོག་པ། དཔལ་འབྱོར་འཕར་སྣོན་བཅས་ཇེ་ཞན་དུ་གཏོང་སྲིད།

ཉོ་འཚོང་འཕེལ་རྒྱས་ཚོགས་འདུའི་སྟེང་། ཨ་རིའི་ཉོ་ཚོང་སྲིད་ཇུས་ཀྱི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་སླ་ཤོས་ཀྱི་རྒྱལ་ཁབ་ནི།  ཚོང་ཟོག་ཉོ་འཚོང་འབོར་ཆེན་གཏོང་མང་ཡོང་ཉུང་གི་ཧེ་བག་དང་སྒོ་ཁྲལ་གྱི་བཀག་རྒྱ་ཅུང་ཆེ་བའི་རྒྱལ་ཁབ་དེ་དག་ཡིན་པར་ངོས་འཛིན་བྱས།

ཉོ་འཚོང་འཕེལ་རྒྱས་ཚོགས་འདུའི་སྟེང་ཉོ་འཚོང་དམག་འཐབ་ཀྱི་འཇིགས་སྐུལ་དང་ས་བབ་ཐད་ཀྱི་ཆབ་སྲིད་ཀྱི་འགྲན་སློང་མངོན་གསལ་ཡིན་པའི་གནས་ཚུལ་འོག   ཨ་སྒོར་འཕེལ་ཕྱོགས་ཀྱི་གཏན་འཁེལ་མིན་པའི་རང་བཞིན་དང་ཨ་རིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་འགྱུར་སྲིད་པ་དེས“འཛམ་གླིང་གི་ཉོ་འཚོང་གི་གཏན་འཁེལ་མིན་པའི་རང་བཞིན་སྔར་ལས་ཆེ་རུ་ཕྱིན་ཡོད”ཅེས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号