ཡོ་རོབ་མནའ་འབྲེལ་གྱིས་སང་ལོར་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཟླ12པའི་ཚེས1ཉིན། ཝུའུ་ཁི་ལན་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་གསར་འགྱུར་ལྟར་ན། ཚེས1ཉིན། གསར་དུ་ལས་འགན་ཁུར་བའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨན་ཏུང་ཉི་ཨོ་ཁི་སི་ཐཱ་ཡིས་ཅི་ཧྥུའུ་རུ་འཚམས་འདྲི་བྱེད་སྐབས། སང་ལོར་ཡོ་རོབ་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཁི་སི་ཐཱ་ཡིས་ཉིན་དེར་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན། བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལ་སི་དང་མཉམ་དུ་ཅི་ཧྥུའུ་རུ་འཚམས་འདྲི་བྱས་པར་མ་ཟད། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་དང་གྲོས་མོལ་བྱས། ཁི་སི་ཐཱ་ཡིས་བཤད་རྒྱུར། ཡོ་རོབ་མནའ་འབྲེལ་གྱིས་ཟླ་འདིའི་ནང་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་བཞི་དུང་ཕྱུར་གཉིས་འདོན་སྤྲོད་བྱས་ནས་ཝུའུ་ཁི་ལན་གྱི་ནོར་སྲིད་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། སང་ལོའི་ཟླ་དང་པོ་ནས་བཟུང་། ཡོ་རོབ་མནའ་འབྲེལ་གྱི་ཟླ་རེར་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་ལྔའི་རོགས་སྐྱོར་འདོན་སྤྲོད་བྱེད་ཅིང་། མ་དངུལ་དེ་དག་ནི་རྒྱ་བསྡམས་པའི་ཨུ་རི་སིའི་མ་དངུལ་ཡིན་ཟེར།

ཁི་སི་ཐཱ་ཡིས་ད་དུང་བཤད་རྒྱུར། ཡོ་རོབ་མནའ་འབྲེལ་གྱིས་གཏོར་བརླགས་ཐེབས་པའི་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་ཞིག་གསོ་བྱེད་པར་རོགས་བྱེད་རྒྱུ་ཡིན་ཟེར། ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་གྱི་མཁའ་སྲུང་ནུས་པ་དང་མདེལ་རྫས་མཁོ་འདོན། ཝུའུ་ཁི་ལན་རྒྱལ་སྲུང་བཟོ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཨུ་རི་སིར་བཀག་སྡོམ་གསར་བ་བྱེད་པ་སོགས་ཀྱི་གནད་དོན་ལ་ཤུགས་སྣོན་པའི་ཐད་ནས་གྲོས་སྡུར་བྱས།

ཉིན་དེར་ཙེ་ལེན་སི་ཅིས་ཁེར་རྐྱང་དུ་ཨན་ཁ་ལ་དང་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་ཡོ་རོབ་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་གནད་དོན་ལ་གྲོས་སྡུར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号