ཝུའུ་ཁི་ལན་གྱིས་ཁོ་ཚོའི་གྲོང་ཁྱེར་གཉིས་ལ་མཁའ་རྒོལ་ཐེབས་པར་བཤད་པ་དང་ཨུ་རུ་སིའི་དམག་དཔུང་གིས་མི་མེད་གནམ་གྲུ39གཏོར་ཟེར།
ཚེས11ཉིན། ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་ཅུའུ་ཡིས་སྤྱི་ཚོགས་སྨན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེའི་ནམ་གུང་ཝུའུ་ཁི་ལན་གྱི་གྲོང་ཁྱེར་གཉིས་ལ་མཁའ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་ཟེར། ཚེས11ཉིན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་བཏང་ནས་བཤད་རྒྱུར། འདས་ཟིན་པའི་ཉིན་གཅིག་གི་ནང་དུ་ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱིས་འཕེན་གཏོང་བྱས་པའི་འབར་མདེལ4དང་མི་མེད་གནམ་གྲུ39གཏོར་བཤིག་བཏང་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་ཅུའུ་ཡིས་ཚེས11ཉིན་གྱི་ནམ་གུང་ཨུ་རུ་སིའི་དམག་དཔུང་གིས་ཀྲ་པོ་ལུའོ་རེ་གྲོང་ཁྱེར་ལ་མཁའ་རྒོལ་བྱས་པས་མི་1རྐྱེན་ལམ་དུ་ཤོར་བ་དང་མི9ལ་རྨས་སྐྱོན་ཕོག སྡོད་དམངས་ཀྱི་ཐོག་ཁང་དང་ལས་ཤག ཚོང་ཁང་བཅས་ཁག་ཅིག་ལ་གཏོར་བརླགས་ཐེབས་ཡོད་པར་བཤད། གཞན་ཡང་ཝུའུ་ཁི་ལན་གྱི་ཉི་ཀུའུ་ལ་ཡེ་ཕུའུ་གྲོང་ཁྱེར་ལ་ཉིན་དེའི་ནམ་གུང་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ནས་སྡོད་ཁང་སྟར་ཕྲེང1ལ་གཏོར་སྐྱོན་ཐེབས་པར་མ་ཟད། མཐའ་འཁོར་གྱི་ལས་ཤག་ཁག་གཅིག་ལའང་མེ་སྐྱོན་བྱུང་ནས་མིག་སྔར་མི5རྐྱེན་ལམ་དུ་ཤོར་ཡོད་པ་ཤེས་རྟོགས་བྱུང་།
ཚེས11ཉིན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་བཏང་ནས་བཤད་རྒྱུར། འདས་ཟིན་པའི་དུས་ཚོད24ཡི་རིང་དུ་ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁི་ལན་གྱིས་འཕེན་གཏོང་བྱས་པའི་འབར་མདེལ4དང་མི་མེད་གནམ་གྲུ39ལ་གཏོར་སྐྱོན་བཏང་བ་དང་། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་དམག་སྤྱོད་གནམ་གྲུ་ཐང་དང་། དམག་རྒྱག་འཕུར་མདེལ་ཐོན་སྐྱེད་འཁོར་ཁང་། ཚད་ལེན་ཚོད་ལྟ་བྱ་ཡུལ། ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ་ཐོན་སྐྱེད་འཁོར་ཁང་དང་གསོག་ཉར་བྱ་ཡུལ། ཝུའུ་ཁི་ལན་གྱི་གོ་མཚོན་གྱི་མཛོད་དང་། འབུད་རྫས་མཛོད། ཟོང་འགྲེམས་ལྟེ་གནས་བཅས་ལ་འཇབ་རྒོལ་བྱས་པ་རེད། བརྡ་ཁྱབ་ལས་ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་ཧ་ཨར་ཁོ་ཕུའུ་མངའ་སྡེ་ཡི་ཡུལ་མིའི་སྡོད་གནས་ཁོ་ལེ་སི་ཉི་ཁོ་ཧྥུའུ་ཁ་བཟུང་བ་དང་། དམག་འཁྲུག་ཁྲོད་ཝུའུ་ཁི་ལན་གྱི་ཕྱོགས་ལ་དམག་དོན་མི་སྣ530ལྷག་ཙམ་གྱི་གྱོང་གུན་ཐེབས་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注