ཧི་ལན་རྒྱལ་ཁབ་ཀྱིས་ཟླ12པའི་ཚེས9ཉིན་ནས་བཟུང་མཐའ་མཚམས་ཞིབ་བཤེར་ལ་ཤུགས་སྣོན་རྒྱུ་ཡིན་ཟེར།
ཧི་ལན་གྱི་གནས་སྤོར་ཡུལ་མིའི་འགེབ་སྲུང་བློན་ཆེན་མཱ་ཡུའེ་ལིན·ཧྥ་པེ་ཨར་གྱིས་ཚེས11ཉིན་བཤད་རྒྱུར། ཧི་ལན་གྱིས་ཟླ12པའི་ཚེས9ཉིན་ནས་བཟུང་མཐའ་མཚམས་ཞིབ་བཤེར་ལ་ཤུགས་བསྣན་ཏེ། ཁྲིམས་འགལ་གནས་སྤོར་ཡུལ་མི་དང་མི་འབོར་ལྐོག་འཚོང་བྱེད་པ་གཏན་འགོག་བྱེད་རྒྱུ་ཡིན་ཟེར།
ཧྥ་པེ་ཨར་གྱིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གནས་སྐབས་དང་དམིགས་བསལ་གྱི་བྱེད་ཐབས་འཆར་གཞི་འདི་ཟླ་དྲུག་རིང་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བཤད་པ་དང་། ཧི་ལན་དུ་ཡོང་བའི་ཁྲིམས་འགལ་གནས་སྤོར་ཡུལ་མིའི་ཁ་གྲངས་ཇེ་ཉུང་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་ཅིང་། མཐའ་མཚམས་ཞིབ་བཤེར་སྤེལ་བ་ལས་དཔལ་འབྱོར་བྱེད་སྒོ་དང་རྒྱུན་ལྡན་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཐེབས་པར་གཡོལ་ཅི་ཐུབ་བྱེད་ངེས་ཡིན། གནམ་གྲུ་ཐང་དུ་མཐའ་མཚམས་ཞིབ་བཤེར་བྱེད་དུས་ཁྲིམས་འགལ་གནས་སྤོར་ཡུལ་མི་འདུ་ཞིང་། ཡུལ་ཁོངས་བརྒལ་བའི་ཉེས་དོན་ཉེན་ཁ་ཡོད་པའི་ཁྱད་དམིགས་གནམ་གྲུ་དམིགས་འབེན་དུ་འཛིན་རྒྱུ་ཡིན་ཟེར།
བྱེད་ཐབས་འདི་ཧྥ་པེ་ཨར་གྱིས་བཏོན་པ་ཡིན་ལ་ཧིན་ལན་ནང་བློན་གྱིས་ཆོག་མཆན་ཐོབ་ཡོད་ཅིང་། ཡོ་རོབ་མནའ་འབྲེལ་གྱི་ཡུལ་ཁོངས་བརྒལ་བའི་སྲིད་གཞུང་གཏན་འབེབས་གཞིར་བཟུང་སྟེ། ཧྥ་པེ་ཨར་གྱིས་ཡོ་རོབ་མནའ་འབྲེལ་ཕྱོགས་དང་ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་བརྡ་བཏང་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注