ཀྲུང་གོ་དང་ཨ་རིས་ཚོགས་འདུ་འདི་འཚོག་རྒྱུ་རེད། 

ཚེས29ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས་ཚོང་དོན་པུའི་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་བརྒྱུད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་པུས་ཟླ9པའི་ཚེས7ཉིན་ཐེན་ཅིན་དུ་ཀྲུང་གོ་དང་ཨ་རིའི་ཚོང་དོན་ལས་དོན་ཚོགས་ཆུང་གི་པུའུ་ཀྲང་གཞོན་པ་རིམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་རྩིས་ཡོད་ཅེས་བཤད་པ་རེད། ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་འཐུས་མི་དང་པུའུ་ཀྲང་གཞོན་པ་གཅིག་ལྕོགས་ཝང་ཧྲོའུ་ཝུན་གྱིས་ཨ་རིའི་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ལ་ཀེ་དང་མཉམ་དུ་ད་ཐེངས་ཀྱི་ཚོགས་འདུ་གཙོ་སྐྱོང་བྱ་རྒྱུ་ཡིན་པ་རེད། ཕྱོགས་གཉིས་པོས་རང་སོ་སོའི་དཔལ་འབྱོར་ཚོང་དོན་སྲིད་ཇུས་ཀྱི་དོ་ཁུར་དང་། ཁེ་ལས་ཀྱི་རེ་འདུན། དངོས་སྒྲུབ་མཉམ་ལས་སོགས་རྒྱ་ཁྱབ་ཀྱི་གྲོས་གཞིར་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号