ཨུ་ཡུག་དམག་མཚམས་འཇོག་རྒྱུའི་གྲོས་མོལ་ཐད་བཤད་དོན། 

ས་གནས་དེ་གའི་དུས་ཚོད་ཚེས26ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས། ཡུག་རེན་དམག་གིས་ཁུར་སི་ཁེ་མངའ་སྡེའི་ནུབ་རྒྱུད་ས་ཁུལ་དུ་བཙན་འཛུལ་བྱས་པར་ཨུ་རུ་སུ་ཕྱོགས་ཀྱིས་“དགོས་ངེས་ཀྱི་”རྒོལ་ལན་བསློག་རྒྱུ་ཡིན་ཞེས་བཤད།

ཁོང་གིས་ད་དུང་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་དམག་མཚམས་འཇོག་རྒྱུའི་གྲོས་མོལ་བྱེད་པའི་བསམ་ཚུལ་དེ་སྤྱད་འཐུས་མེད་པ་དང་། མིག་སྔར་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་འབྲེལ་གཏུག་བྱེད་པའི་བཤད་སྲོལ་སྣ་ཚོགས་ལ་ཡིད་ཆེས་བྱེད་མི་རུང་། ཨུ་རུ་སུ་དང་ཡུག་རེན་བར་ཡུག་རེན་གྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ལ་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུའི་ཐད་གསང་བའི་གྲོས་མོལ་བྱས་མེད་ཅེས་བཤད་པ་རེད།




གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号