བྷང་ག་ལའི་གནས་སྐབས་སྲིད་གཞུང་གིས་འགན་བཞེས་དམ་བཅའ་བཞག་པ།
ཟླ8ཚེས8ཉིན་བྷང་ག་ལའི་རྒྱལ་ས་ཏ་ཁ་རུ་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡིའུ་ནུའུ་སིས(གཡས་ཀྱིས)ཙུང་ཐུང་ཁྲུའུ་ཕུའུ་ཡི་སྣེ་ཁྲིད་འོག་དམ་བཅའ་བཞག་པ་རེད།
དཔལ་འབྱོར་རིག་པ་མཁས་ཅན་མོ་ཧན་མོ་ཏེ·ཡིའུ་ནུའུ་སིས་མགོ་ཁྲིད་གནང་བའི་བྷང་ག་ལའི་གནས་སྐབས་སྲིད་གཞུང་གིས་ཚེས8ཉིན་གྱི་དགོང་མོར་རྒྱལ་ས་ཏ་ཁ་རུ་འགན་བཞེས་དམ་བཅའ་བཞག་པ་རེད།
འགན་བཞེས་མཛད་སྒོ་དེ་བྷང་ག་ལའི་ཙུང་ཐུང་མོ་ཧན་མོ་ཏེ·ཞེ་ཧ་པུའུ་ཏིན·ཁྲུའུ་ཕུའུ་ཡི་སྣེ་ཁྲིད་འོག་ལེགས་གྲུབ་བྱུང་བ་རེད། གནས་སྐབས་སྲིད་གཞུང་གི་ཁོངས་མིའི་ནང་དབུ་བཞུགས་བློ་འདྲི་བ(ཙུང་ལི་དང་མཚུངས)ཡིའུ་ནུའུ་སི་དང་བློ་འདྲི་བ16ཚུད་ཡོད་པ་རེད།
ཟླ8པའི་ཚེས8ཉིན། བྷང་ག་ལའི་རྒྱལ་ས་ཏ་ཁ་རུ་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡིའུ་ནུའུ་སིས(མདུན་གཡས)ཙུང་ཐུང་ཁྲུའུ་ཕུའུ་ཡི་སྣེ་ཁྲིད་འོག་དམ་བཅའ་བཞག་པ་རེད།
ཡིའུ་ནུའུ་སི་ཉིན་དེའི་ཕྱི་དྲོར་ཧྥ་རན་སེའི་ཕ་རི་སི་ནས་ཏ་ཁ་རུ་ཕེབས་རྗེས་གནམ་ཐང་དུ་གསུང་བཤད་གནང་ནས། བཅའ་ཁྲིམས་དང་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ་ནི་ཁོང་གི་ལས་འགན་ཨང་དང་པོ་ཡིན་པ་དང་། སྲིད་གཞུང་གསར་པས་བྷང་ག་ལ་མུ་མཐུད་དུ་མདུན་སྐྱོད་བྱེད་པར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།
ཟླ་འདིའི་ཚེས4ཉིན། བྷང་ག་ལར་རྒྱལ་ཡོངས་རང་བཞིན་གྱི་རྒོལ་གཏམ་བྱེད་སྒོ་སྤེལ་ནས། ཙུང་ལི་ཞེ་ཧོ·ཧ་ཤིས་ན་དང་དེའི་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱེད་དགོས་པའི་རེ་བ་བཏོན། ཚེས5ཉིན་བྷང་ག་ལའི་སྐམ་དམག་ཚན་མོའུ་ཀྲང་ཝུའེ་ཁེ·ཝུའུ་ཚི·ཀྲ་མན་གྱིས་བརྙན་འཕྲིན་གཏམ་བཤད་སྤེལ་ནས། ཙུང་ལི་ཧ་ཤིས་ནས་ཉིན་དེར་ལས་ཁུར་དགོངས་ཞུ་བྱས་ནས། མྱུར་ཏུ་གནས་སྐབས་སྲིད་གཞུང་བཙུགས་ནས་རྒྱལ་ཁབ་ལ་དོ་དམ་བྱ་རྒྱུ་ཡིན་པར་བཤད། ཚེས6ཉིན་བྷང་ག་ལའི་ཙུང་ཐུང་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས། ཁྲུའུ་ཕུའུ་ཡིས་ཉིན་དེར་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཚེས7ཉིན་བྷང་ག་ལའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཆའོ་དབྱི་ནར·ཨ་པེ་ཏིང་གིས་ཡིའུ་ནུའུ་སིས་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བའི་འགན་འཁུར་རྒྱུའི་ར་སྤྲོད་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注