2024ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱས་པ།

   

 ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་པ་རི་སི་གྲོང་ཁྱེར་དུ་ཉིན་གཉིས་རིང་དུ་བརྒྱུད་སྤྲོད་བྱ་རྒྱུ་རེད། ཟླ7པའི་ཚེས14ཉིན་ནི་ཉིན་དང་པོ་ཡིན་པ་དང་། དཔལ་འབར་འཁྱེར་མཁན་གྱིས་ཉིན་དེའི་ཆུ་ཚོད13ཐོག་ཤང་ཞེ་ལི་ཧྲེ་སྲང་ལམ་ནས་གོང་མའི་ཕོ་བྲང་ཆེན་པོ་དང་། རྒྱལ་དམངས་གྲོས་ཚོགས(པོ་ཕང་ཕོ་བྲང)ཧྲེང་རི་མན་ལམ་ཆེན། སྔོན་བྱོན་མཆོད་ཁང་། སོ་པང་སློབ་ཆེན། ཞི་ཏའེ་གླིང་ཕྲན། ཡུས་ཀོའི་སྡོད་གནས་རྙིང་པ། ཕུའུ་རི་ཐང་ཆེན། པ་ཧྲི་ཏི་ཐང་ཆེན། ཝང་ཏུའོ་མུའུ་ཐང་ཆེན། ལུའུ་ཧྥུ་ཕོ་བྲང་། ཕུང་ཕི་ཏུའུ་ལྟེ་གནས་སོགས་བརྒྱུད་དེ་ཆུ་ཚོད23ཐོག་ཕ་རི་སི་གྲོང་ཁྱེར་སྲིད་གཞུང་ཐིང་དུ་འབྱོར་ཞིང་། ཚེས14ཉིན་བརྒྱུད་སྤྲོད་བྱེད་པའི་ལམ་ཐག་སྤྱི་ལེ31ཙམ་ཟིན། ཚེས15ཉིན་དཔལ་འབར་ཕ་རི་སིའི་གྲོང་ཁུལ་མུ་མཐུད་དུ་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པ་དང་། བརྒྱུད་སྤྲོད་སྤྱིའི་ལམ་ཐག་སྤྱི་ལེ27.5ཙམ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号