ཞིང་སྡེའི་དངུལ་ལོར་ལས་ཁུངས་ཀྱིས་སྡུད་ལེན་བྱས་པའི་བཅོལ་དངུལ་དེ་གཙོ་བོ་ས་དེ་གར་དངུལ་བུན་གཏོང་རྒྱུར་ཇི་ལྟར་སྐུལ་སློང་བྱ་དགོས།

ལོ་ཉེ་ཆར་ཞིང་སྡེའི་དངུལ་ལོར་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་ནས། དངུལ་ལོར་ལས་ཁུངས་སོ་ལོའི“ཞིང་གསུམ”ལ་ཞབས་ཕྱི་ཞུ་བའི་ནུས་པ་ཇེ་ཆེར་སོང་ཡོད་མོད། འོན་ཀྱང་ཞིང་སྡེ་ས་ཁུལ་གྱི་མ་དངུལ་ཕྱི་ལ་གྱར་བའི་གནས་ཚུལ་སྔར་བཞིན་གནས་ཡོད་པས། དངུལ་ལོར་ལས་ཁུངས་རིགས་སྣ་ཚོགས་ལ་སྐུལ་སློང་བྱེད་ཆེད་དང་། བྱེ་བྲག་ཏུ་རྒྱལ་དབང་ཚོང་ལས་དངུལ་ཁང་གིས་ཞིང་སྡེ་ས་ཁུལ་དུ་བདག་གཉེར་རྒྱ་ཆེར་བཏང་ཐོག དེ་བས་མང་བའི་མ་དངུལ་གྱིས་ས་དེ་གའི་སྤྱི་ཚོགས་དང་དཔལ་འབྱོར་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་ཆེད། 2007ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོས་ནན་དུ་བསྟན་དོན། “འགན་ལེན་ནང་རྐྱེན་རྣམ་པ་སྣ་ཚོགས་འཚོལ་འཛུགས་བྱས་ནས་དངུལ་ལོར་ལས་ཁུངས་ཀྱིས《ཞིང་གསུམ》ལ་བཏང་བའི་དངུལ་བུན་ཇེ་མང་དུ་གཏོང་བ་ལ་སྣེ་ཁྲིད་བྱེད་དགོས”ཞེས་སོ། 2008ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོས་བསྟན་དོན། “རྫོང་ཁོངས་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་བཅོལ་དངུལ་གསར་པའི་སྡུར་ཚད་ངེས་ཅན་ཞིག་ས་དེ་གར་དངུལ་བུན་གཏོང་བའི་སྲིད་ཇུས་དངོས་འབེབ་མགྱོགས་པོ་བྱེད་དགོས”ཞེས་སོ། 2009ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོས་སྔར་ལས་གསལ་པོར་བསྟན་ཡོད་དེ། “རྫོང་ཁོངས་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་བཅོལ་དངུལ་གསར་པ་དེ་གཙོ་བོ་ས་དེ་གར་དངུལ་བུན་གཏོང་བར་བསྔགས་སྐུལ་བྱེད་པའི་ལག་བསྟར་བྱ་ཐབས་གཏན་འབེབས་མགྱོགས་པོར་བྱེད་དགོས”ཞེས་སོ།

སྲིད་ཇུས་འདི་ལག་བསྟར་དང་དངོས་འབེབ་བྱས་ན། ཆ་ཚང་དུ་བསྒྲིགས་པའི་བྱ་ཐབས་དང་ཕྱིའི་དངུལ་ལོར་ཁོར་ཡུག་གི་ལེགས་འགྱུར་ལ་རག་ལས་ཡོད། འདིར་དོན་ཚན་གསུམ་ཡོད་དེ། གཅིག་ནས་ཞིང་སྡེའི་འགན་ལེན་དང་ཚོད་དཔག་དང་། གཞུང་དཔང་སོགས་བར་སྨྱན་ལས་ཁུངས་གསོ་སྐྱོང་དང་འཕེལ་རྒྱས་ཆེན་པོ་བཏང་ནས། ཞིང་སྡེ་རུ་འགན་ལེན་བྱེད་དཀའ་བའི་གནད་དོན་དོན་དམ་དུ་ཐག་གཅོད་བྱེད་དགོས། ཞིང་པ་ཁྱིམ་ཚང་དང་ཁེ་ལས་འབྲིང་ཆུང་གིས་གཏའ་མ་འཇོག་པ་དང་གཏའ་མའི་ནང་རྐྱེན་འཐུས་ཚང་དུ་བཏང་ཐོག ཞིང་སྡེའི་འགན་ལེན་རྩ་འཛུགས་བཙུགས་ནས། ཞིང་ལས་བདག་གཉེར་ཁྲོད་ཀྱི་ཉེན་ཁ་སིལ་བུར་གཏོང་དགོས། ཞིང་སྡེའི་ས་ཞིང་ཐོ་འགོད་དང་དཔང་ཡིག་སྟེར་བའི་སྲིད་ཇུས་ཀྱིས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཞིང་སྡེར་འགན་ལེན་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས། གཉིས་ནས་ཞིང་སྡེའི་དངུལ་ལོར་གྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྫོང་ཁོངས་དང་ཞང་དང་སྡེ་བའི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་ཧུར་བརྩོན་བྱས་ནས། ཞིང་སྡེ་དངུལ་ལོར་གྱི་སྐྱེ་ཁམས་ཇེ་ལེགས་སུ་འགྱུར་ཆེད། སྤྱི་ཚོགས་ཡིད་རྟོན་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས། ཞང་དང་སྡེ་བ་དང་། ཁེ་ལས་དང་། ཞིང་པ་ཁྱིམ་ཚང་བཅས་ཀྱི་ཡིད་རྟོན་བྱ་དགའ་ཆད་གཅོད་ནང་རྐྱེན་འཛུགས་དགོས། སེམས་ངན་བཅངས་ནས་བུ་ལོན་བྱ་བ་ལ་དཀྲུག་ཤིང་རྒྱག་པའི་ལས་ཁུངས་སམ་མི་སྒེར་མིང་ཐོ་ནག་པོའི་ནང་དུ་འགོད་རྒྱུ། དེ་དང་ཆབས་ཅིག་ཏུ་ཁྱབ་ཁོངས་ངེས་ཅན་གྱི་ནང་དུ་འབྲེལ་ཡོད་མི་ལ་འགན་ཁུར་རྩད་གཅོད་བྱེད་རྒྱུ། གསུམ་ནས་ཞིང་ལས་ཉེན་འགོག་བྱ་བ་གོང་དུ་སྤེལ་ནས། ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཉེན་ཁ་སིལ་བུར་གཏོང་དགོས།

སྲིད་ཇུས་འདིའི་སྟོན་ཕྱོགས་ལས་གསལ་པོར་མཐོང་ཐུབ་པ་ནི་འདི་ལྟ་སྟེ། ཞིང་པའི་ཡོང་སྒོ་འཕར་སྣོན་བྱུང་བ་བརྒྱུད་ནས། ཞིང་པའི་བཅོལ་དངུལ་ཡང་འཕར་བཞིན་ཡོད་པས། གལ་ཏེ་རྫོང་ཁོངས་ནང་ཁུལ་གྱི་དངུལ་ཁང་གིས་བཅོལ་དངུལ་གསར་པ་དེ་དག་གཙོ་བོ་དངུལ་བུན་དུ་བཏང་ན། ཞིང་པ་ལ་དངུལ་བུན་འཐོབ་པའི་གོ་སྐབས་ཇེ་ཆེར་འགྱུར་ཐུབ་པ་མ་ཟད། ད་དུང2009ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་མཛུབ་སྟོན་ལྟར། དེ་དང་མཐུན་པའི་ལག་བསྟར་བྱ་ཐབས་མྱུར་བ་མྱུར་བར་འདོན་ཐུབ་པས། ཞིང་པ་ལ་དངུལ་བུན་འཐོབ་པར་སྲིད་ཇུས་དང་ལམ་ལུགས་ཀྱིས་འགན་སྲུང་བྱེད་ཐུབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号