ཕུའུ་ཅིན་དང་མའོ་ཏི་གཉིས་ཀྱིས་ཝུའུ་ཁུ་ལན་ཉམས་ཉེན་སོགས་ཀྱི་གནད་དོན་ཐད་གྲོས་མོལ་གནང་བ།

ཟླ7པའི་ཚེས9ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཁེ་ལི་མུའུ་ལི་ཕོ་བྲང་དུ་ཨུ་རུ་སུ་ལ་འཚམས་འདྲིར་ཕེབས་པའི་ཧིན་རྡུ་རྒྱལ་ཁབ་ཀྱི་ཙུང་ལི་མའོ་ཏི་ལ་གྲོས་མོལ་མཛད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཝུའུ་ཁུ་ལན་ཉམས་ཉེན་སོགས་ཀྱི་གནད་དོན་ཐད་གྲོས་སྡུར་བྱས།

ཁེ་ལི་མུའུ་ལི་ཕོ་བྲང་གི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་གནང་སྐབས་ཨུ་རུ་སུ་དང་ཧིན་རྡུ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་སྒྲིག་གཞི། ཧྲང་ཧེ་མཉམ་ལས་རྩ་འཛུགས་བཅས་ཀྱི་སྒྲོམ་གཞི་འོག་རྒྱལ་སྤྱིའི་མཉམ་ལས་སྤེལ་འདོད་ཡོད་ཅེས་བཤད་པ་རེད། 

ཝུའུ་ཁུ་ལན་ཉམས་ཉེན་ཐད་མའོ་ཏི་ཡིས། ཧིན་རྡུས་ཞི་བདེའི་ཐབས་ལམ་སྤྱད་དེ་ཝུའུ་ཁུ་ལན་གྱི་ཉམས་ཉེན་ཐག་གཅོད་པར་མོས་མཐུན་ཡོད་ལ། གནད་དོན་འདིའི་ཐད་ལ་མཐའ་གཅིག་ཏུ་རམ་འདེགས་བྱ་རྒྱུ་ཡིན་ཞེས་བསྟན།

ཚེས8ཉིན་ནས་ཚེས9ཉིན་བར་མའོ་ཏིས་ཨུ་རུ་སུ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། རྒྱུས་ལོན་པ་ལྟར་ན། འདི་ནི་ཁོ་རང་ཉེ་བའི་ལོ5རིང་ཨུ་རུ་སུ་ལ་འཚམས་འདྲི་ཕེབས་ཐེངས་དང་པོ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号