ནེ་པ་ལ་ངོས་ཀྱི་ཇོ་རིར་གད་སྙིཊ་ཏུན་བཅུ་གྲངས་ཁ་ཤས་ཕུང་གསོག་ཐེབས་པ།

གད་སྙིགས་གཙང་སེལ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་ནེ་པ་ལ་མངའ་ཁོངས་ཀྱི་རི་འཛེགས་ལམ་ཐིག་གི་སྒར་ས་མཐོ་ཤོས་དེར་གད་སྙིགས་ཏུན་བཅུ་གྲངས་ཁ་ཤས་ཕུང་གསོག་ཐེབས་ཡོད་པས་དེ་དག་གཙང་སེལ་བྱེད་པར་ཉུང་མཐར་ཡང་ལོ་ཁ་ཤས་འགོར་གྱི་ཡོད་པ་རེད།

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསར་འགྱུར་ཁང་གིས་སྤྱི་ཚེས་6ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ནེ་པ་ལ་སྲིད་གཞུང་གིས་ཤར་པ་བ་དང་དམག་མི་ལས་གྲུབ་པའི་གཙང་སེལ་རུ་ཁག་གཅིག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ཏེ་ཇོ་མོ་གླང་མར་གད་སྙིགས་གཙང་སེལ་གྱི་ལས་འགན་སྒྲུབ་བཞིན་ཡོད་པ་རེད། ད་ལོའི་དཔྱིད་དུས་སུ། ཚོགས་པ་དེས་གད་སྙིགས་ཏུན་11གཙང་སེལ་བྱས་པ་མ་ཟད་རྐྱེན་ལམ་དུ་ཤོར་མཁན་4ཡི་ཕུང་པོ་དང་ཕུང་རུས་1དབོར་ཡོད་པ་རེད།

གཙང་སེལ་ཚོགས་པའི་འགན་འཁུར་བ་ཨང་པ་པུས་ཚོད་དཔག་བྱས་པ་ལྟར་ན། ས་བབ་མཐོ་ཤོས་ཀྱི་སྒར་སར་ཕལ་ཆེར་གད་སྙིགས་ཏུན་40ནས་50ཙམ་ཕུང་གསོག་ཐེབས་ཡོད་པ་དང་། དེའི་ཁྲོད་ནས་མང་ཆེ་བ་ནི་གུར་རྙིང་པ་ཡིན་པ་དང་། གཞན་ད་དུ་ཟས་རིགས་ཀྱི་འཐུམ་སྒྲིལ་དང་། འབར་རྒྱུའི་སྣོད་ཆས། གསོ་རླུང་བླུགས་སྣོད། རི་འཛེགས་ཐག་པ་སོགས་ཀྱང་ཡོད་པ་རེད།

ཨང་པ་པུས། ཉེ་བའི་ལོ་ཤས་རིང་། ནེ་པ་ལ་སྲིད་གཞུང་གིས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རི་འཛེགས་མཁན་གྱིས་གད་སྙིགས་རི་གཤམ་དུ་འཁྱེར་དགོས་པའི་རེ་བ་བཏོན་པས་ཇོ་མོ་གླང་མར་གད་སྙིགས་ཕུང་གསོག་ཐེབས་ཤུགས་ཆུང་དུ་ཕྱིན་ཡོད། ང་ཚོས་གཙང་སེལ་བྱས་པའི་གད་སྙིགས་མང་ཆེ་བ་ནི་ལོ་ཤས་གོང་གི་རེད་ཅེས་བསྟན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号