དགའ་རོགས་སྒྲིག་སྐབས་ལྐོག་བརྙན་བླངས་པ་དང་མི་སྒེར་གསང་དོན་ཕྱི་ལ་བསྐུར་པས་མཚོ་སྔོན་གྱི་མི་གཉིས་བཀག་ཉར་བྱས།

ཉེ་ཆར་ཞུན་ཧྭ་རྫོང་པེ་གྲོང་མངགས་གཏོང་ཁང་ལ་ཅི་ཧྲི་གྲོང་རྡལ་གྱི་མང་ཚོགས་ཀྱིས“མི་ཞིག་གིས་ཁོ་མོའི་གསང་བརྙན་བརྒྱུད་སྤེལ་བྱས་ནས་སྒེར་དོན་གསང་བའི་དབང་ཆར་བཙན་གནོད་བྱས་འདུག”ཅེས་པའི་ཉེན་བརྡ་བཏང་བ་རེད། ཞུ་གཏུག་འབྱོར་རྗེས། མངགས་གཏོང་ཁང་གིས་མྱུར་དུ་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་བརྟག་དཔྱད་བྱས།

བརྟག་དཔྱད་བྱས་པ་བརྒྱུད། མཱ་ཆེ་གེ་མོ་ཀ་པ(ཕོ། པེ་གྲོང་གྲོང་རྡལ་གྱི་མི།)དང་མཱ་ཆེ་གེ་མོ་ཁ་པ(མོ། ཅི་ཧྲི་གྲོང་རྡལ་གྱི་མི།)གཉིས་དགའ་རོགས་སྒྲིག་སྐབས། 2023ལོའི་ཟླ12པའི་ཚེས23ཉིན་མཱ་ཆེ་གེ་མོ་ཁ་པའི་མོས་མཐུན་མེད་པར་ལག་ཁྱེར་ཁ་པར་གྱིས་མི་སྒེར་གསང་དོན་བརྙན་བླངས། མཱ་ཆེ་གེ་མོ་ག་པས(བུད་མེད། ཅེ་ཙི་གྲོང་རྡལ་གྱི་མི།)མཱ་ཆེ་གེ་མོ་ཀ་པའི་ལག་ཁྱེར་ཁ་པར་སྤྱད་དེ་མཱ་ཆེ་གེ་མོ་ཁ་པའི་གསང་བརྙན་མི་གཞན་ལ་བསྐུར་བ་དང་། དེའི་རྗེས་བརྙན་དེ་དྲ་ལམ་དུ་ཁྱབ་ནས་མཱ་ཆེ་གེ་མོ་ཁ་པའི་རྒྱུན་ལྡན་གྱི་འཚོ་བར་གནོད་པ་ཚབས་ཆེན་ཕོག་པ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས། འདྲི་རྩད་བྱས་པ་བརྒྱུད། མཱ་ཆེ་གེ་མོ་ཀ་པས་མི་གཞན་གྱི་གསང་དོན་ལྐོག་བརྙན་བླངས་པ་དང་། མཱ་ཆེ་གེ་མོ་ག་པས་མི་གཞན་གྱི་མི་སྒེར་གསང་དོན་ཁྱབ་སྤེལ་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ངོས་ལེན་བྱས། 

མིག་སྔར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཉིས་པའི་གཏན་འབེབས་གཞིར་བཟུང་། མཱ་ཆེ་གེ་མོ་ཀ་པར་མི་གཞན་གྱི་གསང་དོན་ལྐོག་བརྙན་བླངས་པའི་ཉེས་གསོག་ཡོད་པས་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་བཀག་ཉར་ཉིན་ལྔ་བྱ་རྒྱུའི་སྲིད་འཛིན་གྱི་ཆད་པ་བཅད་པ་དང་། མཱ་ཆེ་གེ་མོ་ག་བ་ལ་མི་གཞན་གྱི་གསང་དོན་བརྒྱུད་སྤེལ་བྱས་པའི་ཉེས་གསོག་ཡོད་པས་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་བཀག་ཉར་ཉིན་བརྒྱད་ལ་བྱ་རྒྱུའི་སྲིད་འཛིན་གྱི་ཆད་པ་བཅད།

མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱས་དོན། རྒྱ་ཆེའི་མང་ཚོགས་ཀྱིས་དྲ་རྒྱ་ཡང་དག་ངང་བེད་སྤྱོད་བྱེད་པ་ལས་རང་སྣང་གང་དྲན་གྱིས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་མི་འཇུག་པ་དང་། དྲ་རྒྱ་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་ས་ཞིག་མིན་པ་རྟོགས་དགོས་པའི་དྲན་སྐུལ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号