མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལོ་ཚོགས་སྐབས་བརྒྱད་ཅུ་བ་མན་ཀུའུ་ནས་སྤེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལོ་ཚོགས་སྐབས་བརྒྱད་ཅུ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་ཐེ་གོའི་རྒྱལ་ས་མན་ཀུའུ་ནས་སྤེལ་རྒྱུ་ཡིན་པ་དང་། སྐབས་འདིའི་ལོ་ཚོགས་ཀྱི་བརྗོད་དོན་ནི་གཞི་གྲངས་གསར་གཏོད་ལ་བརྟེན་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལག་བསྟར་དྲུང་ཡིག་ཨ་ལེ་སི་ཞཱ་པཱ་ནཱ་དང་། མགྲོན་བདག་རྒྱལ་ཁབ་ཐེ་གོའི་ཙུང་ལི་སེ་ཐཱ། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ། དེ་མིན་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཐུས་མི་སོགས་མི་བརྒྱད་བརྒྱ་ཙམ་ཚོགས་འདུར་ཞུགས། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཁྲའོ་ཞུའུ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས།

ཨ་ལེ་སི་ཞཱ་པཱ་ནཱ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཐུན་མོང་རྒྱུས་ལོན་དང་མཉམ་སྤྱོད་བྱེད་ཐབས། རོགས་ལས་བཅོས་སྐྱོང་བཅས་རྨང་གཞིར་བྱས་པའི་གཞི་གྲངས་ལག་རྩལ་དེ་རིག་ནུས་བཀོད་སྒྲིག་དང་དོ་དམ་གང་ལེགས་བྱས་ཏེ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར།

སེ་ཐཱ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཐེ་གོ་དང་བཅས་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་མང་བོས་ཞིང་ལས་རྨང་གཞིར་བྱས་ཡོད་པ་དང་། གཞི་གྲངས་ཅན་གྱི་ཚུལ་བསྒྱུར་དེ་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་གཞི་གྲངས་ལག་རྩལ་བེད་སྤྱད་ནས་ཞིང་ལས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས། རྒྱུ་མཚན་ནི་དེ་ལས་འབྲུ་རིགས་མ་ལག་ དང་། ནམ་ཟླའི་རིག་ནུས་ཅན་གྱི་ཞིང་ལས་དང་ཁོར་ཡུག་གི་རྒྱུན་མཐུད་རང་བཞིན་ལ་འགན་སྲུང་བྱེད་པར་ཕན་ཐོགས་ཡོད་པས་ཡིན་ཟེར།

མཱ་ཁྲའོ་ཞུའུ་ཡིས་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདིའི་སྟེང་གཏམ་བཤད་སྤེལ་ཏེ། རྙོག་འཛིང་ཆེ་བའི་གནས་བབ་མདུན་ནས་ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་དགོས་པ་དང་། ལག་རྡང་སྦྲེལ་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་དགོས་ཟེར། ཁོས་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། ས་ཁོངས་དཔལ་འབྱོར་གྱི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། གསར་གཏོད་སྒུལ་ཤུགས་རྒྱུན་འཁྱོངས་སྒོས་ཐོན་ལས་མུ་འབྲེལ་ཅན་དང་མུ་འབྲེལ་ཅན་གྱི་མཁོ་འདོན་གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱས་ནས། སྒོ་འབྱེད་དང་འདྲ་མཉམ། དྲང་བདེན། མཐོང་ཆུང་མེད་པའི་གསར་གཏོད་ཁོར་ཡུག་ཅིག་གསར་བསྐྲུན་བྱས་ཏེ། དཔལ་འབྱོར་འཕར་སྣོན་གྱི་སྦས་ཤུགས་ཕྱིར་འདོན་དགོས། དེ་ལས་གཞན་ཁོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་མགོ་དེ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་གྲོས་རིམ་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བྱས་ནས། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་འབྲེལ་གཅིག་བརྟེན་དང་དཀྱེལ་ཡངས་རྒྱུན་མཐུད་ཀྱི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་དགོས་ཟེར།

ཚོགས་ཞུགས་ཕྱོགས་ཁག་སོ་སོས་ཧུར་ཐག་སྒོས་གཞི་གྲངས་ཅན་བེད་སྤྱད་ནས་ཇི་ལྟར་གསར་གཏོད་བྱེད་པའི་ཞོར་དུ་མི་མངོན་པའི་ཉེན་ཁ་སྔོན་འགོག་བྱེད་པར་གྲོས་བསྡུར་བྱས། དཔེར་ན་དཀྱེལ་ཡངས་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་གཞི་གྲངས་ཅན་གྱི་བར་ཁྱད་ཁ་གསབ་བྱེད་པ་དང་རྒྱུན་མཐུད་གནས་པའི་འདྲ་མཉམ་མིན་པའི་སྣང་ཚུལ་ཐག་གཅོད་བྱས་ནས། དྲ་རྒྱའི་བདེ་འཇགས་འཇིགས་ཉེན་དང་གཞི་གྲངས་ཀྱི་གསང་བ་སོགས་ཀྱི་གནད་དོན་ཐ་གཅོད་བྱེད་པའི་ཞོར་དུ། ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་གཞི་གྲངས་ཅན་གྱི་གསར་གཏོད་དེས་མི་ཚང་མར་ཕན་ཐོགས་པར་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号