བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།

   སོ་གསུམ་པ། དེང་སྐབས་རང་རྒྱལ་གྱི་འགལ་བ་གཙོ་བོ་ཅི་ཞིག་ཡིན། 

མི་དམངས་ཀྱི་ཉིན་བཞིན་འཕེལ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་ཚོགས་པ་མ་ཡིན་པའི་བར་གྱི་འགལ་བ་དེ་ཡིན། 


   སོ་བཞི་པ། ཀྲུང་ཧྭའི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་ནི་ལོ་རྒྱུས་རིང་ཞིང་རྒྱུན་མ་ཆད་པ་དང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་ལ། ཀྲུང་ཧྭ་ཤེས་རིག་གི་ཤེས་རབ་ཀྱི་ཉིང་བཅུད་ཀྱང་ཡིན། དེར་འདུས་པའི་གནམ་འོག་སྤྱི་ལ་དབང་བ་དང་། དམངས་རྩ་བར་འཛིན་པ། ཀུན་སྤྱོད་ལ་བརྟེན་ནས་སྲིད་སྐྱོང་བ། རྙིང་དོར་གསར་འཛིན། སྤྱོད་ཡོན་གཉིས་ལྡན་ཁོ་ན་བསྐོ་བ། ལྷ་མི་གཞི་གཅིག་ཡིན་པ། འབད་བརྩོན་ལྷོད་མེད། སྤྱོད་བཟང་དངོས་ཐེག ཡིད་རྟོན་འཆམ་མཐུན། གཉེན་ལ་བརྩེ་ཞིང་ཁྱིམ་མཚེས་ལ་བཟང་བ་སོགས་ཀྱི་བསམ་བློ་ནི་ཀྲུང་གོའི་མི་དམངས་ཀྱིས་ཡུན་རིང་གི་ཐོན་སྐྱེད་འཚོ་བའི་ཁྲོད་བསགས་པའི་འཇིག་རྟེན་ལྟ་བ་དང་གནམ་འོག་ལྟ་བ། སྤྱི་ཚོགས་ལྟ་བ། ཀུན་སྤྱོད་ལྟ་བ་བཅས་ཀྱི་མངོན་ཚུལ་གལ་ཆེན་ཡིན་ལ། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་དང་ཡང་ཚད་མཐོ་བའི་གཅིག་མཐུན་བྱུང་ཡོད། 


—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་དང་པོ་ལས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号