ཡུལ་ལོག་ཞིང་པ་གླ་པས་བྱེད་སྒོ་གསར་སྤེལ་བྱེད་པར་དངུལ་ལོར་ལས་ཁུངས་ཀྱིས་རྒྱབ་སྐྱོར་གང་དག་བྱེད་རྒྱུ།

ཞིང་པ་གླ་པ་ལ་དངུལ་ལོར་གྱི་ཞབས་ཕྱི་ཞུ་རྒྱུ་ནི་ཡེ་ནས་མཐོང་ཆེན་བྱེད་པ་ཡིན། 2005ལོ་ནས་མགོ་བརྩམས་པའི་ཞིང་པ་གླ་པའི་དངུལ་ཁང་ཡིག་བྱང་གི་ཁྱད་ཆོས་ལྡན་པའི་ཞབས་ཕྱི་ཚོད་ལྟ་བྱས་པས། ཞིང་པ་གླ་པས་སྒོར་མོ་མང་པོ་བཟུང་ནས་ཡུལ་དུ་ལོག་པའི་སྒོར་མོ་དེའི་བདེ་འཇགས་གནད་དོན་ཕན་ཡོད་ཀྱིས་ཐག་གཅོད་བྱས་པས། ཞིང་པ་གླ་པར་ཐོབ་པའི་གླ་ཡོན་མང་པོ་ཞིང་སྡེར་ལོག་པའི་ཆབས་ཅིག་ཏུ། ཞིང་པ་གླ་པ་ལ་སྟབས་བདེ་དང་མགྱོགས་མྱུར་དང་བདེ་འཇགས་ཀྱི་དངུལ་ཁང་ཡིག་བྱང་ཞབས་ཕྱི་ལོངས་སྤྱོད་པར་བཅུག་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་ལེགས་པོ་མངོན་སུམ་དུ་གྱུར། 2008ལོའི་ཟླ12པའི་ཟླ་གཞུག་ཏུ། རྒྱལ་ཡོངས་སུ་ཞིང་པ་གླ་པའི་དངུལ་ཁང་ཡིག་བྱང་ཁྱད་ལྡན་ཞབས་ཕྱི་བྱེད་སྒོ་སྤེལ་བའི་རྫོང་ཞིང་སྡེ་ཡིད་རྟོན་ཁང་དང་། རྫོང་སྦྲག་སྲིད་དངུལ་བཅོལ་དངུལ་ཁང་དང་། དེ་མིན་རྫོང་མན་ཆད་ཀྱི་བདག་གཉེར་དྲ་བ་ཁྲི་ལྔ་ལ་འདས་པ་དང་། ཞིང་པ་གླ་པའི་དངུལ་ཁང་ཡིག་བྱང་ཁྱད་ལྡན་ཞབས་ཕྱི་ལ་སྡོམ་པས་ཐེངས2114དང་སྒོར་མོ་དུང་ཕྱུར102.8ཡི་རྩིས་སྤྲོད་བྱས། ལོ་སྔོན་མའི་དུས་དང་བསྡུར་ན408.3%འཕར་ཡོད།

2008ལོར་རྒྱལ་སྤྱི་དངུལ་ལོར་གྱོང་གུན་བྱུང་རྗེས། ཐོག་མར་ཞིང་པ་གླ་པ་ལ་ཤུགས་རྐྱེན་ཐེབས་ཞིང་རང་ཡུལ་དུ་ལོག་པའི་ཞིང་པ་གླ་པ་ཇེ་མང་དུ་གྱུར་པས། ཡུལ་ལོག་ཞིང་པ་གླ་པ་ལ་ཡིད་རྟོན་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་ནི་དངུལ་ལོར་བྱ་བའི་གནད་སར་གྱུར། མི་དམངས་དངུལ་ཁང་གིས་དུས་བཅད་མིན་གཉིས་ནས་དངུལ་ལོར་ལས་ཁུངས་རྩ་འཛུགས་བྱས་ནས་བྱེད་སྒོ་ཁྲིད་སྟོན་ཚོགས་འདུ་དང་། དངུལ་ལོར་ཐོན་རྫས་གསར་སྐྲུན་ཉམས་མྱོང་བརྗེ་རེས་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ་སོགས་རྣམ་པ་སྣ་ཚོགས་ཀྱི་ཚོགས་འདུ་འཚོགས་ནས་དངུལ་ལོར་ལས་ཁུངས་ཀྱིས་འདུ་ཤེས་སྒྱུར་བ་དང་།  དངུལ་ལོར་ཞབས་ཕྱི་ཇེ་ལེགས་སུ་གཏོང་བ། ཞིང་པ་གླ་པར་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ཆེན་པོ་བྱེད་པར་བཅུག དང་པོ་ཞིང་པ་གླ་པའི་བྱེད་སྒོ་གསར་སྤེལ་དུ་དངུལ་བུན་གཏོང་བ། ས་ཁུལ་མང་པོའི་དངུལ་ལོར་ལས་ཁུངས་ཀྱིས་ཞིང་པ་གླ་པའི་བྱེད་སྒོ་གསར་སྤེལ་དང་། ལས་ཀར་ཞུགས་ཆེད་དུ་ཞིང་པ་གླ་པ་ལ་གཟས་ནས“གླ་པས་བྱེད་སྒོ་གསར་སྤེལ་དངུལ་བུན”ཞེས་པ་དང“ཞིང་པ་གླ་པ་བྱེས་སུ་སོང་ནས་གླ་བྱེད་པའི་གྲངས་ཉུང་དངུལ་བུན”ཞེས་པ་དང་། “ཞིང་པ་གླ་པ་བྱེད་སྒོ་གསར་སྤེལ་དངུལ་བུན”ཞེས་པ་དང་། “བྱེས་སོང་བྱེད་སྒོ་གསར་སྤེལ་དངུལ་བུན”ཞེས་པ་དང་། “ན་གཞོན་བྱེད་སྒོ་གསར་སྤེལ་དངུལ་བུན”ཞེས་པ་ལ་སོགས་ཡིད་རྟོན་དངུལ་བུན་ཐོན་རྫས་གཏན་བཟོ་བྱས་པས། ཞིང་པ་གླ་པར་རོགས་བྱས་ཏེ་བྱེད་སྒོ་གསར་སྤེལ་ཁྲོད་ཕྲད་པའི་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་ལ་ནུས་པ་ལེགས་པོ་ཐེབས་ཡོད། གཉིས་པ་ཞིང་པ་གླ་པ་སློབ་གསོ་གསོ་སྦྱོང་དངུལ་བུན་གཏོང་བ། ས་གནས་རང་བཞིན་གྱི་དངུལ་ལོར་ལས་ཁུངས་མང་པོས་ཞིང་པ་གླ་པ་གསོ་སྦྱོང་གི་ཁྱད་ཆོས་ལ་དམིགས་ནས། “ཞིང་པ་གླ་པའི་ལས་རིགས་སློབ་གསོའི་སློབ་རོགས་དངུལ་བུན”ཞེས་པ་དང་། “ཞིང་པ་གླ་པའི་བྱེད་སྒོ་གསར་སྤེལ་དངུལ་བུན”ཞེས་པ་དང་། “ཞིང་སྡེ་དབུལ་ཕོངས་ངལ་རྩོལ་པ་གནས་སྤོར་གསོ་སྦྱོང་སློབ་རོགས་དངུལ་བུན”ཞེས་པ་སོགས་པའི་དངུལ་ལོར་བྱེད་སྒོ་གསར་སྤེལ་ཐོན་རྫས་གསར་གཏོད་བྱས་པས། ཞིང་པ་གླ་པས་མ་དངུལ་གྲབས་གཤོམ་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་བྱས་པས། ཞིང་པ་གླ་པར་འགྲོ་བ་དང་། བྱེད་སྒོ་གསར་སྤེལ་བྱེད་པ་དང་། སློབ་གསོ་བཅས་ཀྱི་ཕྱོགས་ཀྱི་མ་དངུལ་དགོས་མཁོའི་རེ་བ་སྐོང་ཐུབ་པར་གྱུར།

དེ་ལས་གཞན། ད་དུང་ཕན་ཡོད་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ནས་སྟོབས་ཤུགས་ཡོད་པའི་ཞིང་པ་གླ་པ་རང་ཉིད་བྱེད་སྒོ་གསར་སྤེལ་བྱེད་པ་དང་ཡུལ་དུ་ལོག་ནས་བྱེད་སྒོ་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱས། བྱ་ཐབས་གཙོ་བོ་འདི་ལྟ་སྟེ། གཅིག་ནས་གྲངས་ཉུང་འགན་ལེན་དངུལ་བུན་གྱི་རྣམ་པ་སྤྱད་དེ་ཞིང་པ་གླ་པ་ཡུལ་དུ་ལོག་ནས་བྱེད་སྒོ་གསར་སྤེལ་བྱེད་པ་དང་ལས་ཀར་ཞུགས་པར་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་ཆེན་པོ་བྱས། གཉིས་ནས་ཞིང་སྡེའི་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་གོང་དུ་འཕེལ་བར་བརྩོན་པ་བསྐྱེད་དེ། ཞིང་སྡེའི་འཛད་སྤྱོད་ཚོང་ར་ཧུར་པོར་བཏང་། གསུམ་ནས་ཡིད་རྟོན་དངུལ་བུན་གྱི་ཆ་རྐྱེན་དང་མཐུན་པའི་ཞང་དང་གྲོང་རྡལ་ཁེ་ལས་དང་། རྫོང་ཁོངས་དཔལ་འབྱོར་ངལ་རྩོལ་པ་མང་འདུས་གྲས་ཀྱི་ཁེ་ལས་ཆུང་བ་དང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་བཅས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ཐོག ཁོ་ཚོའི་འགྱེད་འཕྲོའི་ནུས་པ་དང་འཐེན་ཤུགས་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་པ་གླ་པ་ལས་ཞུགས་ཚོང་རའི་ཆུ་ཚད་རྒྱ་སྐྱེད་པ་དང་།ཞིང་པ་གླ་པ་ས་དེ་གར་ལས་ཀར་ཞུགས་པ། ཐག་ཉེ་ས་ནས་གནས་སྤོར་ལས་ཞུགས་བྱེད་པ་ལ་སྐུལ་སློང་དང་རྒྱབ་སྐྱོར་བྱས། བཞི་ནས་ཕྱི་དངུལ་དོ་དམ་དང་སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་སྣོན་བྱས་ནས། རྒྱལ་ཁབ་ཕྱི་ལ་སོང་ནས་གླ་པ་བྱེད་པའི་ཞིང་པ་ལ་སྤུས་ལེགས་ཀྱི་ཕྱི་དངུལ་ཞབས་ཕྱི་འདོན་སྤྲོད་བྱས། སྤྱི་ནས་བཤད་ན། ཞིང་པ་གླ་པ་ལ་དམིགས་པའི་དངུལ་བུན་མུ་ནས་འཕར་བཞིན་ཡོད་པས། ཡུལ་ལོག་ཞིང་པ་གླ་པའི་བྱེད་སྒོ་གསར་སྤེལ་ལ་དངུལ་ལོར་ལས་ཁུངས་ཀྱི་རྒྱབ་སྐྱོར་མང་པོ་ཐོབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号