1.jpg

མཚོ་སྔོན་ཡང་བསྐྱར《གསར་འགྱུར་མཉམ་སྒྲོག》ཐོག་ཏུ་འཁོད་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བསྔགས་བརྗོད་ཐོབ། བརྙན་ཟློས་ཀྱི་སྐར་མ3དང་སྐར་ཆ14ནས་སྐར་མ7དང་སྐར་ཆ42བར་དུ་པར་རིས་མཚོ་སྔོན་དུ་བརྗེས་པ་དང་། རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚོས་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་མཛེས་སྡུག་ཉམས་སུ་མྱངས། སྐར་མ3དང་སྐར་ཆ42ཡི་སྟེང་གསེར་ཉ་སྤོར་སྐྱོད་བྱེད་པའི་བརྗིད་ཉམས་ལྡན་པའི་རྣམ་པ་སླར་ཡང་མངོན་པ་དང་། རྣམ་པ་དེས་མི་རྣམས་ཧང་སངས་སུ་བཅུག

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་མཁའ་འགྲུལ་པར་ལེན་གྱི་མཐོང་སྣེ་ནས་ལྟད་མོ་བར་མཚོ་སྔོན་པོའི་རྣམ་པ་ཡོངས་པར་ལམ་དུ་ཕབ་པ་དང་། པར་ངོས་ཀྱི་མཚོ་སྔོན་པོ་ནི་འཇམ་ཞིང་བརླན་པའི་ཕ་ལམ་སྔོན་པོ་ཞིག་དང་འདྲ་བར་མཚོ་བོད་ས་མཐོའི་ཐོག་བརྒྱན་འདུག པར་རིས་བསྒྱུར་བ་དང་བསྟུན་ནས་མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་དང་། གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་། བྱ་ཁྲ། ཆུ་སྐྱར། གསའ་གཟིག གཙོད་སོགས་ཀྱིས་གྲུབ་པའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་མི་རྣམས་ཀྱི་མིག་ལམ་དུ་མངོན། གསར་འགྱུར་བསྒྲགས་སྤེལ་བྱས་རྗེས་སྤྱི་ཚོགས་ལས་རིགས་ཁག་གིས་གདེང་འཇོག་མཐོན་པོ་བྱས།

2.png

ཉ་མོ་ཁྲི165སྟེ། སྤོར་སྐྱོད་ཁ་གྲངས་ཆེས་མང་ཤོས་ཡིན། 

མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ལྟེ་གནས་ཀྱི་འོམ་ཆུ་སྐྱེ་འཕེལ་ཚོད་ལྟ་ས་ཚིགས་ཀྱི་འགན་འཁུར་བ་ཀྲོའུ་ཝེ་ཀོ་ཡིས “ད་ལོར་མཚོ་ནང་དུ་སྤོར་སྐྱོད་བྱེད་པའི་ཉ་མོའི་ཁ་གྲངས་ཁྲི165ཡོད། དེ་ནི་སྡོམ་རྩིས་བྱས་ཚུན་གྱི་གྲངས་འབོར་ཆེས་མང་ཤོས་ཡིན།” ཞེས་བཤད། 

གསེར་ཉ་ནི་མཚོ་སྔོན་པོར་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་རྩ་ཆེན་ཞིག་ཡིན་ཞིང་། ལོ་རེའི་ཟླ5པ་ནས8པའི་བར་གསེར་ཉ་ཁྱུ་དང་ཁྱུ་བྱས་ཏེ་ལོ་གཅིག་རིང་གི་འགྲུལ་བཞུད་གྱི་མགོ་རྩོམ། གསེར་ཉ་རྣམས་མཚོ་སྔོན་པོར་འབབ་པའི་ཆུ་བོ་དག་གི་བཞུར་རྒྱུན་ལས་ལྡོག་སྟེ་སྤོར་སྐྱོད་བྱེད་པ་དང་། སྒོ་ང་བཏང་སྟེ་སྐྱེ་འཕེལ་བྱེད། གསེར་ཉ་གྲངས་ལས་འདས་པ་ཞིག་ཆུ་རྒྱུན་དྲག་པོའི་ནང་འཁྱུག་ཅིང་རྩེན་པ་ན།  “ཆུ་བོ་ཕྱེད་ཀ་དང་ཉ་མོ་ཕྱེད་ཀའི། ”མཛེས་ཉམས་སྟོན། དེ་དང་ཆབས་ཅིག་མཚོ་སྔོན་པོའི་དུས་བྱ་ཡང་སྐྱེ་འཕེལ་བྱེད་པའི་དུས་སུ་སླེབས་པས། ཁ་ཟས་ཉ་ཡིན་པའི་འདབ་ཆགས་སྣ་ཚོགས་ཀྱིས་དེ་གར་སྒུག་སྟེ “ཉ་དང་འདབ་ཆགས་ཀྱི་འཁྲུག་ཆེན”འཁྲབ།

3.png

“ང་རང་སྔོན་ཆད་གཙང་གསུམ་ཆུ་མགོ་དང་མདོ་ལ་རིང་མོར་ལྟ་བར་ཕྱིན་པ་ཡིན། ད་ཐེངས་ཆེད་དུ་མཚོ་སྔོན་པོར་ལྟ་བར་ཡོང་བ་ཡིན” 2021ལོའི་ཟླ་དྲུག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་གྲུབ་འབྲས་ནི་ཐོབ་སླ་བ་ཞིག་མིན། དེ་བས་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས་ལ། རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས”ཞེས་ནན་གྱིས་བསྟན། 

མཚོ་སྔོན་གྱིས་ལོ40ཙམ་གྱི་རིང་དུ་མཚོ་རྒྱ་ཐེངས6ལ་བསྡམས་ཏེ་ཉ་གསོས། ཉེ་བའི་ལོ20ཡི་རིང་དུ་མིའི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་དང་ཉ་མོ་བཏང་ལ། བྱེད་ཐབས་སྣ་མང་ལ་བརྟེན་ནས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཆེས་ཆེར་འཕར། ད་ལྟའི་ཉའི་ཁ་གྲངས་དེ་གསར་སྤེལ་བྱེད་མགོ་ཚུགས་མ་ཐག་པའི་ཐོན་ཁུངས་ཀྱི33.9%ལ་སླེབས་ཡོད། མཚོ་སྔོན་པོའི་ཉ་དང་འདབ་ཆགས་མཉམ་གནས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་ནི་རང་རྒྱལ་གྱི་སྐྱེ་ཁམས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱུན་མཐུད་སྲ་བརྟན་དུ་བཏང་ཡོད།

4.png

འདབ་ཆགས་ཁྲི60སྟེ།    ཉ་དང་འདབ་ཆགས་མཉམ་གནས་ཀྱི་རྣམ་པ་ག་ས་གང་དུ་མཐོང་ཐུབ།

མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུ་ཡི་ཅུ་ཀྲང་གཞོན་པ་དབྱང་ཐོ་ཡིས “སྡོམ་རྩིས་གསར་ཤོས་ལས་མངོན་པ་ལྟར་ན། མཚོ་སྔོན་པོར་འདབ་ཆགས་རིགས232ཡོད་པ་དང་། ཁ་གྲངས་ཁྲི60ཙམ་ཡོད། དེ་ནི་ལོ་བཅུ་ལྷག་ཙམ་རིང་གི་གྲངས་ཀ་མཐོ་ཤོས་ཡིན། ཉ་དང་འདབ་ཆགས་མཉམ་གནས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད”ཅེས་བཤད།

ད་ལོར། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4557.95ཟིན། དེ་ནི2012ལོ་དང་སྡུར་ན་སྤྱི་ལེ་གྲུ་བཞི་མ187.26མང་དུ་ཕྱིན་ཡོད་པ་དང་། ཆུ་ཁའི་མཐོ་ཚད་ཆ་སྙོམས་སྨི3ཡར་འཕགས་ཡོད། གསེར་ཉའི་གྲངས་ཚད་ལོ་བཅུ་གྲངས་གོང་གི་ཏུན་ཁྲི3ལྷག་ཙམ་ནས་ན་ནིང་གི་ཏུན་ཁྲི11.41བར་འཕར་ཡོད། སོ་བྱ་དང་ཉ་ཁྲ་སྐྱར་མོ་སོགས་ཙོང་ཉ་ཁ་ཟས་བྱེད་པའི་འདབ་ཆགས་རིགས་བརྒྱ་ལྷག་ཙམ་གྱི་གྲངས་འབོར་ཡང་ཆེས་ཆེར་འཕར་བས་མཚོ་སྔོན་པོ་ནི་རང་རྒྱལ་གྱི་དུས་བྱའི་རིགས་སྣ་མང་པོ་གཅིག་སྡུད་བྱས་པ་ཆེས་མང་བའི་སྐྱེ་འཕེལ་བྱ་ཡུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།

5.png

སྐྱེ་ཁམས་ནི་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་མིང་བྱང་གྲགས་ཅན་དེ་ཡིན། ཐུན་མོང་མ་ཡིན་ཞིང་རྙོག་འཛིང་ཆེ་བའི་རང་བྱུང་ཁོར་ཡུག་གིས་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་རིགས་གསོ་སྤེལ་བྱས་ཤིང་། མཚོ་སྔོན་གྱི་ན་འདམ་གྱི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན། དེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “མིག་ལ་སྲུང་སྐྱོང་བྱེད་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས”ཞེས་བཀའ་མངགས་གནང་།

མཚོ་སྔོན་གྱི་བུ་ཕྲུག་ཚོས་སྐྱེ་ཁམས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་གཉིས་ཀྱི་མཐུན་སྦྱོར་ཁྲོད་རི་སྔོ་ཆུ་དྭངས་ཀྱི་མཚོ་སྔོན་པོའི་རྣམ་པ་གསར་པ་ཞིག་མངོན་པར་བྱས་ཡོད།

ཟི་ལིང་གི་གྲོང་མི་ཁྲེན་ཏོ་རུང་གིས“མཚོ་སྔོན་ནི་ཧ་ཅང་མཛེས་། མཚོ་སྔོན་གྱི་མཛེས་པ་སྐྱེ་ཁམས་ཡིན།《གསར་འགྱུར་མཉམ་སྒྲོག》ཁྲོད་ཀྱི་མཚོ་སྔོན་ནི་ཅི་འདྲའི་མཛེས་པ་ལ། མཚོ་སྔོན་ནི་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ཡིན་པའི་ངོས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་དང་། སྐྱེ་ཁམས་འབྱོར་ཕྱུག་གི་ལམ་ཁ་ཞིག་འཚོལ་ཞིབ་བྱས་ཏེ་རྙེད་འདུག”ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号