གཅིག་སྒྲིལ་རྫོང་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་ནས་ཡུལ་དངོས་སུ་གཙོ་གནད་ལས་གཞིའི་འཛུགས་སྐྲུན་གྱི་གནས་ཚུལ་ལ་བཀོད་གཏོང་བྱས་པ།
ཟླ3པའི་ཚེས5ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་ནས་གཙོ་གནད་ལས་གཞིའི་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཡུལ་དངོས་ནས་བཀོད་གཏོང་བྱས་ཏེ་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་མགོ་ལོག་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ལས་འགན་དང་བླང་བྱ་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ། “ལས་གཞི་གཙོ་ཤོས་ཡིན་པ”ཡི་འདུ་ཤེས་བརྟན་པོར་བཟོ་བ་དང་། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། གཙོ་གནད་ལས་གཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། གཅིག་སྒྲིལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྩོལ་དགོས།སྔ་རྗེས་སུ་གཅིག་སྒྲིལ་རྫོང་ལུས་རྩལ་ལྟེ་གནས་འཛུགས་སྐྲུན་གྱི་ལས་གཞི་དང་། ལྷོ་སྐོར་ལམ་སྡེ་ཁུལ་གྱི་གཞུང་གཉེར་གསོ་སྐྱོང་ཞབས་ཞུའི་ལས་ཁུངས་འཛུགས་སྐྲུན་ལས་གཞི། ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ་པའི་འཁོར་རྒྱུག་ཉལ་ཁང་འཛུགས་སྐྲུན་ལས་གཞི། དྲུག་ཆེན་སུམ་མདོ་གྲོང་རྡལ་རིག་གནས་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་གཞི་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས་སུ་སོང་བ་དང་འབྲེལ་ཡོད་ཀྱི་བྱ་བའི་སྙན་ཞུར་ནན་ཏན་གྱིས་མཉན་པ་དང་། ལས་གཞི་འཆར་འགོད་དང་འཛུགས་སྐྲུན་གྱི་འགྲུབ་ཚད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། ཡུལ་དངོས་སུ་ལས་གཞི་སྐུལ་འདེད་ཀྱི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས།གཅིག་སྒྲིལ་རྫོང་གི་གཙོ་གནད་ལས་གཞི་ནི་རྫོང་མངའ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། གཙོ་གནད་ལས་གཞི་འཛུགས་སྐྲུན་དེ་དཔལ་འབྱོར་བརྟན་བརླིང་ཡོང་བ་དང་དམངས་འཚོར་ཕན་བདེ་བསྐྲུན་པའི“བཟོ་འགོད་ཨང་དང་པོ”རུ་བརྩིས་ནས། ལས་གཞི་ལག་བསྟར་འཛུགས་སྐྲུན་བྱེད་པའི་འགག་རྩའི་ལྷུ་ཚིགས་ལ་ནན་བརྟག་བྱས་ཏེ། རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ་དང་། དུས་ཐོག་ཏུ་འབྲེལ་གཏུག་དང་སྦྲེལ་མཐུད་བཅས་བྱས་ནས། ལས་གཞི་འཛུགས་སྐྲུན་གྱི་ལྷུ་ཚིགས་ཁག་སྲུབས་མེད་འབྲེལ་མཐུད་དང་། ཕྱོད་མཐོས་འཁོར་སྐྱོད། བདེ་འཇགས་རིམ་ལྡན་ཡོང་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱ་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལས་གཞིའི་ཞིབ་ཐོ་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་། བཤིག་སྤོ་དང་མ་དངུལ་སོགས་འགག་གནས་ཀྱི་གནད་དོན་ལ་དམིགས་ནས། “དོན་དག་གཅིག་ལ་ཐབས་ཇུས་གཅིག”གི་ཆེད་དོན་ཞིབ་འཇུག་བྱས་ཏེ། མ་ལག་གི་བསམ་གཞིགས་ཇེ་དྲག་ཏུ་གཏོང་བ་དང་། དུས་ཚོད་ཀྱི་མཚམས་ཚིགས་དག་འཛིན་བྱས་ནས། ཕྱོགས་སོ་སོའི་འགན་འཁྲི་ཁ་གསལ་བཟོས་པ་དང་དུས་བཀག་ལྟར་གནད་དོན་ཐག་གཅོད་བྱས་ནས། ལས་གཞི་བདེ་བླག་གིས་སྐུལ་སྤེལ་གཏོང་བར་ཁག་ཐེག་བྱ་དགོས། འགན་འཁྲིའི་སྦྲེལ་རྡང་ནན་འཛིན་བྱས་ཏེ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་འགན་གཙང་ལེན་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལས་གཞིའི་ལམ་ལུགས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཙོ་གནད་ལས་གཞིའི་མཉམ་འབྲེལ་ཞིབ་བཤེར་ནང་རྐྱེན་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ལས་འགོ་འཛུགས་པ་དང་། སྐུལ་སྤེལ་བྱེད་པ། འཛུགས་སྐྲུན་བྱེད་པ་བཅས་དམ་འཛིན་བྱས་ཏེ། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་སྔར་བས་ཇེ་མགྱོགས་སུ་གཏོང་བ་དང་། ཚད་གཞི་སྔར་བས་མཐོར་འདེགས་གཏོང་བ། སྤུས་ཚད་སྔར་བས་མཐོར་འདེགས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། །
ཟླ3པའི་ཚེས5ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་ནས་གཙོ་གནད་ལས་གཞིའི་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཡུལ་དངོས་ནས་བཀོད་གཏོང་བྱས་ཏེ་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་མགོ་ལོག་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ལས་འགན་དང་བླང་བྱ་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ། “ལས་གཞི་གཙོ་ཤོས་ཡིན་པ”ཡི་འདུ་ཤེས་བརྟན་པོར་བཟོ་བ་དང་། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། གཙོ་གནད་ལས་གཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། གཅིག་སྒྲིལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྩོལ་དགོས།
སྔ་རྗེས་སུ་གཅིག་སྒྲིལ་རྫོང་ལུས་རྩལ་ལྟེ་གནས་འཛུགས་སྐྲུན་གྱི་ལས་གཞི་དང་། ལྷོ་སྐོར་ལམ་སྡེ་ཁུལ་གྱི་གཞུང་གཉེར་གསོ་སྐྱོང་ཞབས་ཞུའི་ལས་ཁུངས་འཛུགས་སྐྲུན་ལས་གཞི། ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ་པའི་འཁོར་རྒྱུག་ཉལ་ཁང་འཛུགས་སྐྲུན་ལས་གཞི། དྲུག་ཆེན་སུམ་མདོ་གྲོང་རྡལ་རིག་གནས་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་གཞི་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས་སུ་སོང་བ་དང་འབྲེལ་ཡོད་ཀྱི་བྱ་བའི་སྙན་ཞུར་ནན་ཏན་གྱིས་མཉན་པ་དང་། ལས་གཞི་འཆར་འགོད་དང་འཛུགས་སྐྲུན་གྱི་འགྲུབ་ཚད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། ཡུལ་དངོས་སུ་ལས་གཞི་སྐུལ་འདེད་ཀྱི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས།
གཅིག་སྒྲིལ་རྫོང་གི་གཙོ་གནད་ལས་གཞི་ནི་རྫོང་མངའ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། གཙོ་གནད་ལས་གཞི་འཛུགས་སྐྲུན་དེ་དཔལ་འབྱོར་བརྟན་བརླིང་ཡོང་བ་དང་དམངས་འཚོར་ཕན་བདེ་བསྐྲུན་པའི“བཟོ་འགོད་ཨང་དང་པོ”རུ་བརྩིས་ནས། ལས་གཞི་ལག་བསྟར་འཛུགས་སྐྲུན་བྱེད་པའི་འགག་རྩའི་ལྷུ་ཚིགས་ལ་ནན་བརྟག་བྱས་ཏེ། རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ་དང་། དུས་ཐོག་ཏུ་འབྲེལ་གཏུག་དང་སྦྲེལ་མཐུད་བཅས་བྱས་ནས། ལས་གཞི་འཛུགས་སྐྲུན་གྱི་ལྷུ་ཚིགས་ཁག་སྲུབས་མེད་འབྲེལ་མཐུད་དང་། ཕྱོད་མཐོས་འཁོར་སྐྱོད། བདེ་འཇགས་རིམ་ལྡན་ཡོང་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱ་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལས་གཞིའི་ཞིབ་ཐོ་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་། བཤིག་སྤོ་དང་མ་དངུལ་སོགས་འགག་གནས་ཀྱི་གནད་དོན་ལ་དམིགས་ནས། “དོན་དག་གཅིག་ལ་ཐབས་ཇུས་གཅིག”གི་ཆེད་དོན་ཞིབ་འཇུག་བྱས་ཏེ། མ་ལག་གི་བསམ་གཞིགས་ཇེ་དྲག་ཏུ་གཏོང་བ་དང་། དུས་ཚོད་ཀྱི་མཚམས་ཚིགས་དག་འཛིན་བྱས་ནས། ཕྱོགས་སོ་སོའི་འགན་འཁྲི་ཁ་གསལ་བཟོས་པ་དང་དུས་བཀག་ལྟར་གནད་དོན་ཐག་གཅོད་བྱས་ནས། ལས་གཞི་བདེ་བླག་གིས་སྐུལ་སྤེལ་གཏོང་བར་ཁག་ཐེག་བྱ་དགོས། འགན་འཁྲིའི་སྦྲེལ་རྡང་ནན་འཛིན་བྱས་ཏེ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་འགན་གཙང་ལེན་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལས་གཞིའི་ལམ་ལུགས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཙོ་གནད་ལས་གཞིའི་མཉམ་འབྲེལ་ཞིབ་བཤེར་ནང་རྐྱེན་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ལས་འགོ་འཛུགས་པ་དང་། སྐུལ་སྤེལ་བྱེད་པ། འཛུགས་སྐྲུན་བྱེད་པ་བཅས་དམ་འཛིན་བྱས་ཏེ། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་སྔར་བས་ཇེ་མགྱོགས་སུ་གཏོང་བ་དང་། ཚད་གཞི་སྔར་བས་མཐོར་འདེགས་གཏོང་བ། སྤུས་ཚད་སྔར་བས་མཐོར་འདེགས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注