རྨ་ཡུལ་ཁྲི་ཀའི་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་བཅོ་བརྒྱད་པའི་མགོ་བརྩམས་པ།

ཁྲི་ཀའི་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་བཅོ་བརྒྱད་པ་ཚོགས་མགོ་བརྩམས་པ། མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་མིང་རྟགས་ཀྱི་སྤུས་ཚད་སྔར་ལས་མཐོ་རུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ4པའི་ཚེས14ཉིན“རི་ཆུ་འབྱུང་ཡུལ། རབ་མཛེས་མཚོ་སྔོན། དག་གཙང་མཚོ་ལྷོ།”ཞེས་པའི་རིག་གནས་དང་ཡུལ་སྐོར་རིམ་སྤེལ་བྱ་འགུལ་དང་རྨ་ཡུལ་ཁྲི་ཀའི་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་བཅོ་བརྒྱད་པའི་མགོ་རྩོམ་མཛད་སྒོ་ཆུ་འཁོར་ཐང་ཆེན་དུ་བསྡུས།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་རིག་གནས་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་སྐྲུན་ཆེད་རང་ཁུལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོ་འཛུགས་པ། ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཚང་མར་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དོན་སྙིང་ལྡན་པ། རིག་གནས་ཡུལ་སྐོར་གྱིས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། དམངས་ཕྱུག་གིས་ཞིང་པར་སྐུལ་ཁྲིད་བྱེད་པ། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ་སོགས་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྨ་ཆུ་དང་མཚོ་སྔོན་པོའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱས་ཏེ། དག་གཙང་གི་མཚོ་སྔོན་པོ་ཞེས་པ་དང་གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་ཞེས་པ་དེ་མཛེས་སྡུག་གི་མཚོ་སྔོན་གནས་མཆོག་མཚོ་ལྷོའི་གསེར་གྱི་མིང་རྟགས་ཞིག་ཏུ་འགྱུར་དགོས།

རི་ཆུ་འབྱུང་ཡུལ། རབ་མཛེས་མཚོ་སྔོན། དག་གཙང་མཚོ་ལྷོ།”ཞེས་པའི་རིག་གནས་དང་ཡུལ་སྐོར་རིམ་སྤེལ་བྱ་འགུལ་དང་རྨ་ཡུལ་ཁྲི་ཀའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱིས་འགྲེམས་སྟོན་གར་སྟེགས་རྒྱ་ཆེ་ཤོས་དང་ཆུ་ཚད་མཐོ་བའི་རིག་གནས་ཡུལ་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས་ངོ་མཚར་ཆེ་བའི་རིག་གནས་དང་ཡུལ་སྐོར་གྱི་བརྗོད་བྱ་གཙོ་བོའི་བྱ་འགུལ་སྣ་ཚོགས་ཟླ5བའི་ཟླ་སྨད་བར་སྤེལ་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་རིག་རྩལ་ལེ་ཚན་དམངས་ཕན་འཁྲབ་སྟོན་དང་དཔེ་མཛོད་ཁང་གི་བརྗོད་བྱ་གཙོ་བོའི་བྱ་འགུལ། བརྗོད་བྱ་གཙོ་བོའི་ཉམས་ལེན་ཡུལ་སྐོར། ཞིང་ཆེན་ཡོངས་ཀྱི་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་སྐབས་གཉིས་པ། གཟུགས་འདས་ཤུལ་བཞག་ཁྲོམ་ཁུལ་དུ་བསྐྱོད་པའི་བརྗོད་དོན་བྱ་འགུལ། རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་མཚམས་སྦྱོར་སོགས་རིག་རྩལ་འཁྲབ་སྟོན་དང་། གཟུགས་འདས་ཤུལ་བཞག་འགྲེམས་སྟོན། རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག ཡུལ་སྐོར་ལམ་ཐིག་འོས་སྦྱོར། ཁྱད་ལྡན་ཟས་མཆོག་ཉམས་ལེན། རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་རིག་གནས་དང་ཡུལ་སྐོར་གྱི་རིམ་སྤེལ་བྱ་འགུལ་རིགས་སྣ300ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号