མཚོ་སྔོན་པོ་ཡུལ་ཚོས་ས་ཆེན་ཕང་བ་ནས་མངོན་པའི་ལག་ཤེས་སྒྱུ་རྩལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱས།

ལྕི་བ་སྐམ་པོའི་མིང་ལ་ཨོང་བ་ཟེར་ཞིང་དེ་ནི་འབྲོག་ཁུལ་དུ་འབུད་རྫས་བྱས་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་མཚོ་བོད་མཐོ་སྒང་དུ་འཚོ་བ་སྐྱེལ་མཁན་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ད་བར་དུ་ཨོང་བ་ནི་འབུད་རྫས་ཁྱད་པར་ཅན་ཞིག་ཏུ་བརྩི་བཞིན་ཡོད། ས་བབ་མཐོ་བའི་ས་ཁུལ་དུ་ཡོད་པའི་འབྲོག་པའི་འབུད་རྫས་མང་ཆེ་བ་ཨོང་བ་དང་རུལ་མ་ཡིན། ལྷག་པར་དུ་ཨོང་བ་ནི་འཐུ་སླ་བར་མ་ཟད་མེ་ཤུགས་ཆེ་ཞིང་འབར་ཡུན་རིང་བའི་ཁྱད་ཆོས་ཡོད།

ལྕི་བ་འབུད་རྫས་བྱེད་པ་ཕུད་བོད་མི་རིགས་ཀྱི་རྒྱུན་གཏན་འཚོ་བའི་ནང་ད་དུང་དམིགས་བསལ་གྱི་སྤྱོད་སྒོ་དང་མཚོན་དོན་ལྡན་ཡོད་པ་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་འཚོ་བ་དེ་ལྕི་བ་དང་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད་མི་ལ་ལས་ལྕི་བའི་ནང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་སིམ་ཡོད་པས་མི་རིགས་ཤིག་གི་སེམས་ཁམས་དང་མཛེས་དཔྱོད་སོགས་གཏིང་ཟབ་པའི་ནང་དོན་མངོན་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད།

མཚོ་སྔོན་པོ་ཡུལ་ཚོས་སྲོལ་རྒྱུན་གྱི་འབྲོག་པའི་ལྕི་བའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ་ས་ཆེན་ཕང་བ་ནས་མངོན་པའི་ལག་ཤེས་སྒྱུ་རྩལ་གྱི་བྱེད་སྒོ་སྤེལ་བ་བརྒྱུད། མི་རིགས་ཀྱི་ཁྱད་ལྡན་ལག་རྩལ་ཕྱོགས་ཡོངས་ནས་སྔོག་འདོན་དང་རྒྱུན་འཛིན་བྱས་ཏེ་འབྲོག་པ་མང་ཚོགས་ཀྱི་སྤྱང་གྲུང་དང་བློ་གྲོས་དང"ཏང་གི་བཀའ་དྲིན་ཚོར་བ་དང་མ་འོངས་འགྲེམས་སྟོན་བྱེད་པའི"འཚོ་བའི་རྣམ་འགྱུར་སྔར་ལས་མངོན་པར་བྱས་ནས་འབྲོག་པ་མང་ཚོགས་རིག་གནས་ནང་ཞུགས་པའི་ཉམས་སྣང་དང་ཐོབ་སྣང་། སྐྱིད་སྣང་སོགས་གསོ་སྐྱོང་མཐོར་འདེགས་བྱུང་།

གཤམ་དུ་ང་ཚོས་མཉམ་དུ་མཚོ་སྔོན་པོ་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱིས་བཟོས་པའི་ས་ཆེན་ཕང་བ་ནས་མངོན་པའི་ལག་ཤེས་སྒྱུ་རྩལ་གྱི་གྲུབ་རྫས་ལ་བལྟ་བར་བྱ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号