མགྲིན་མཚལ་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

མགྲིན་མཚལ་ཉེར་ལྔ། 

བོང་ཁྲག་ཞོ་ལྔ། ཙན་དཀར་ཞོ་ལྔ། ཙན་དམར་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་ལྔ། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། ཅུ་གང་སྲང་གང་། ལི་ཤི་ཞོ་གསུམ། ཛཱ་ཏི་ཞོ་གསུམ། སུག་སྨེལ་ཞོ་གསུམ། ཀོ་ལ་ཞོ་གསུམ། སྤོས་དཀར་ཞོ་ལྔ། ཐལ་རྡོར་ཞོ་ལྔ། སོ་ར་ཞོ་ལྔ། ནཱ་ག་གེར་སར་ཞོ་གསུམ། སྤང་རྒྱན་མེ་ཏོག་ཞོ་བརྒྱད། སྤང་རྩིའི་རྩ་བ་ཞོ་བདུན། སྟབ་སེང་ཞོ་བརྒྱད། སུམ་ཏིག་ཞོ་བདུན། བ་ཤ་ཀ་ཞོ་བདུན། སླེ་ཏྲེས་སྲང་གང་། ཁ་གུར་ཞོ་གང་། གླ་རྩི་སྐར་གཅིག གི་ཝང་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

མགྲིན་མཚལ་ཉེར་ལྔ་བཟི་མེད་བསིལ་དྲོད་སྙོམས། དྭངས་མ་གནས་སུ་མ་སྨིན་ཆུ་སེར་རྒྱས། ཤ་རུས་རྩ་རྒྱུས་ལ་གནས་གྲུམ་བུ་སྐྱེད། མགོ་དང་ཤ་ལྤགས་རྩི་ཞིང་སྦིར་སྙམ་བྱེད། རུས་ཚིགས་འཁོལ་ཞིང་འགུལ་ན་ཟུག་གཟེར་ཆེ། ཚིགས་ཁ་སྦོམ་དང་མཛུབ་མོ་གཡས་གཡོན་གུག ལྷག་པར་གནམ་གཤིས་སྡུག་དུས་མཁལ་རྐེད་དང་། རྐང་ལག་ཚིགས་གཞི་ཡོངས་རྫོགས་ན་བ་སོགས། དྲེག་གྲུམ་ཆུ་སེར་ནད་རིགས་མཐའ་དག་ལ། སྨན་འདི་བཏང་བས་ཆུ་སེར་སྐེམ་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号