གདོན་མིག་གི་སྙན་ངག་ཁག་ལྔ།
རྟ་མཆོག་ལ་ལྕག་གིས་བཀྲབ་པ་ལྟ་བུའི
གསེར་མདོག་གི་ཡིག་ཆུང་དེ་དགབུ་ཕྲུག་མེད་པའིབུད་མེད་མངལ་གྱི་འཁུ་ཁྲག་བཞིནགྲང་རླུང་གི་དྲོད་ཁོལ་ཁོ་ན་འཚོད་ནི དམར་པོ་མེ་ལས་ཚ་བའིདུངས་སེམས་གཉོར་དགོས་བྱུང་བ་ཨེ་རེདད་ནི ཡིད་ལ་རྦབ་རྡོ་ཉིལ་འདྲའིརལ་སོང་བའི་བླ་སྒྲོ་བཏུ་དགོས་བྱུང་བ་ཨེ་རེདསྒེའུ་ཁུང་སྔོན་པོ་དེ་ཡོད་ཀྱངད་རག་ཏུ འོད་སྣང་མཐོང་བར་མ་གྱུརདྲག་ཏུ་སྦར་བའི་མེ་ལྕེ་ཡོད་ཀྱངཆར་བའི་ལག་ཟུང་གཉོམ་པོརྐང་གླིང་གི་རོལ་དབྱངས་ལྟརཤིག་ཤིག ལྷུང་ལྷུང ལྡེམ་ལྡེམགཟུགས་འགྱུར་བའི་ནགས་ཚལ་གྱི་དབུས་ནམེ་ཏོག་གི་བྱ་རྒོད རྨི་ལམ་མེད་པའི་ཟོལ་གྱིསསྤྲིན་ཡོལ་གྱི་ལྡིང་ཆ་དེ་རུ་འཕུརསྟོང་ཁམས་ཀྱི་རླབས་རྒྱུནརྒྱང་རིང་ནས་བལྟས་ཚེམྱ་ངན་མཐོ་རུ་བཏེགས་པའིཚེ་སྲོག་གི་རས་ཡུག་ཅིག་རླུང་གིས་བསྐྱོད་པ་བཞིནརྫི་ཆུ མི་སྡུག་པའི་རབ་རིབ་ཁྲོད་ནཤིག་ཤིག ལྷུང་ལྷུང ལྡེམ་ལྡེམ
༢༠༢༥/༢/༢༥ལ།
རབ་རིབ་དང་མཛེས་སྡུག་བརྗེ་བ།
ཁ་བ་ནི་གོས་ཆེན་མིན་མོདའོན་ཀྱང རྒྱལ་པོའི་གོས་ཆེན་ལས་ཀྱང་དྲོརབ་རིབ་ནི་ཁ་དོག་མིན་མོདའོན་ཀྱང གསེར་གྱི་ཁ་དོག་ལས་ཀྱང་ཡགརྒྱ་མཚོ་དང་ཁ་ཐག་རིང་བའི་བྱེའུ་དེགྲང་རླུང་འཐུང་ནས་ནར་སོན་བྱུངགཤོག་རྡེབ་རེ་རེའི་རྗེས་ཤུལསྤྲིན་པའི་ངོས་སུ་ཤིན་ཏུ་ཟབད་ལོའི་དགུན་ཟླ་འདིསེམས་པའི་གཟུགས་བརྙན་འཛིན་མཁན་བཞིནཡིད་འོང་གི་དུར་སྒམ་དུ་དཀག་སྟེདུས་གཏན་དུ འདི་རུ་བཞུགསཉི་ནུབ་ཀྱི་མཚམས་སྤྲིནཟུངས་ཁྲག་ལས་ཀྱང་དམར་དོནགཉོམ་ཆུང་བའི་སྐད་སྒྲརླུང་གིས་ཁུར་སོང་བ་ཡིན་ནམ
༢༠༢༤/༡༢/༢༢ཉིན་གློ་བུར་བྲིས།
ཞོགས་པའི་སྙན་ངག
ནམ་ད་དུང་གསལ་མི་འདུགཡིན་ནའང ཉི་མ་སྔར་ནས་ཤར་འདུགམཁའ་དབྱིངས་སུསྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་མོདསྐར་ཕྲན་གྱི་འོད་ཟེར་ལསགྲང་རླུང་གི་བྱེ་མ་འབབརྡུལ་འཚུབ་ཀྱི་ཡོལ་བརྒྱང་རིང་མཐོང་བའི་སྒེའུ་ཁུང་དང་འདྲརི་ལྗོངས་སྐྱ་བོསམྱ་ངན་གྱི་ཚུལ་དུསྤང་ལྗོངས་ཀྱི་ལྭ་བའང་མནབས་མི་འདུགམིན་ཏེ ཞུས་ཟིན་པའི་འཁྱག་རོམ་གྱི་ཞོགས་པདྲན་ཤེས་ཀྱི་དུར་ཁྲོད་ལས་འཕྱི་མི་སྲིདསྣང་ངོར་འབྱར་བའི་རྒྱ་ཕིབས་ཀྱི་ཡིད་གདུངག་ལེར མཐོ་རུ་འཕགས་ཏེབྱ་རྒོད་ཀྱི་གཤོག་ཟུང་ལ་རྡེགདེ་ནི རྒྱང་རིང་ནས་བལྟས་ནཐལ་མདོག་ཏུ་གྱུར་བའིའཁྱོག་གཟུགས་ཀྱི་མཛེས་པ་ཞིག་རེད
༢༠༢༤/༡༢/༡༨ཞོགས་པར།
ཆར་བའི་ཡལ་ག
ཐལ་མདོག་གི་ཞིང་ཁ་འདི་རུངས་མི་གཅིག་མཐོང་གི་ཡོདདེ་ནི མཚན་སྙན་གྱི་ལྡེབས་རིས་སུ་དཔྱངས་པའིཨེ་ལུའོ་ཐི་ཡི་འཁྱོག་གཟུགས་ཀྱི་མྱ་ངན་རེདས་རྡུལ་གྱི་ཟེགས་མ་སྔོན་པོ་དགབ་སྤུ་བཞིན་རླུང་གིས་འཁུར་དུསས་གཞི ཧ་ཅང་ཡང་བ་ཤེསམེ་སྒྱོགས་ཀྱི་རོལ་མོསནུབ་ཕྱོགས་ཞིང་ཁའི་སྙེ་མའི་རྒྱུད་སྐུད་དཀྲོལ་དུསརྣམ་ཤེས རླུང་བུའི་ནང་གི་གོམ་སྟབས་དང་འདྲ་བརའཁྱག་རོམ་གྱི་དྲོད་ཁོལ་གཉོརརེ་སྨོན་གྱིས་བརྫིས་པའིཡིད་བརྙན་གྱིས་རྨས་པའིབྱ་རྒོད་ཀྱི་གཤོད་འོད་ཁྲ་བོལག་པའི་ནང་གི་སྟོན་ཁ་བཞིནཟིན་དང་མ་ཟིན་མི་འདུགཡིན་ནའང སེམས་པཆར་བའི་ཡལ་གར་བཀལ་ཏེདུས་ཚོད་ཀྱི་རླུང་ལ་སྒུག རླུང་ལ་སྒུག
༢༠༢༤/༡༢/༤ཕྱི་དྲོར།
གཉོམ་ཆུ།
ངས གྲང་ངར་གྱི་གཟུགས་བརྙན་བསྡུས་ནསཤི་གསོན་གྱི་ཁ་དོག་འདེབས་ཀྱིན་ཡོདངས བདེ་སྐྱིད་ཀྱི་ཚེར་མ་བཏུས་ནསཡིད་འོང་གི་སྡུག་བསྔལ་རྩིག་གིན་ཡོདགས་ཆག་ཏུ་གྱུར་བའི་རྣམ་རྟོག་གི་ཟེགས་མཁེར་རྐྱང་གི་ཚུལ་ཏུསྤྲིན་དཀར་གྱི་རྩྭ་ཐང་ལ་བབསཆར་བའི་མེ་ཏོག་རེ་རེན་ཚོད་མེད་པའི་བགྲེས་པོ་ཞིག་གི་ཞལ་རས་དང་འདྲབཟློག་པར་དཀའ་བའི་རྦ་རླབས་ཀྱི་གྲིབ་མརྒྱ་མཚོའི་གོས་ཆེན་སྟེང་གི་རི་མོ་མིནཐལ་བར་གྱུར་བའི་ཚ་གདུང་གི་ཡིད་རིསརྨིས་ནས་སད་མཐའ་མེད་པའི་འཁྲུལ་སྣང་མིནཐ་ན མངོན་སུམ་གྱི་འབར་རྡེའུ་ཁྲ་མོ་དེའངགའུ་ཡི་དཀྱིལ་གྱི་གཡུ་བྱུར་མིནལྷམ་ཆུང་གི་བརྩེ་སེམས་ལྟ་བུའིརལ་གྲི་སྔོན་མོའི་ཞི་བདེ་ལྟ་བུའིཁྱེད་ཀྱི་རྫོགས་ལྡན དུས་ཚོད་ཀྱི་ནང་ན་མི་འདུགགཟུང་བར་འགྱུར་བའི་རྒྱུད་སྐུད་ཀྱི་སྟེང་དུའང་མི་འདུག
༢༠༢༤/༡༢/༢༧ཉིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注