རང་ཞིང་གིས2024ལོའི་འདེམས་སྐོང་སློབ་མར་དགའ་བསུ་ཞུ་བ་དང་ལས་གནས་སུ་མ་ཞུགས་སྔོན་གྱི་གསོ་སྦྱོང་འཛིན་གྲྭ་སྤེལ་འགོ་ཚུགས་པའི་མཛད་སྒོ་བསྡུས།
ཟླ7པའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ2024ལོའི་འདེམས་སྐོང་སློབ་མར་དགའ་བསུ་ཞུ་བ་དང་ལས་གནས་སུ་མ་ཞུགས་སྔོན་གྱི་གསོ་སྦྱོང་འཛིན་གྲྭ་སྤེལ་འགོ་ཚུགས་པའི་མཛད་སྒོ་བསྡུས་པ་དང་། 2024ལོར་གསར་དུ་བསྡུས་པའི་ཁ་ཕྱོགས་གཏན་འཁེལ་གྱི་འདེམས་སྐོང་སློབ་མ110དང་རྒྱུན་ལྡན་གྱི་འདེམས་སྐོང་སློབ་མ360མཚོ་སྔོན་དུ་ཡོང་ནས་ལས་གནས་སུ་ཞུགས་རྒྱུ་ཡིན་པ་མ་ཟད་གསོ་སྦྱོང་ནང་ཞུགས།
ད་ལོའི་ཕུལ་བྱུང་སློབ་ཆེན་མཐར་ཕྱིན་སློབ་མ་གཞི་རིམ་དུ་གསོ་སྐྱོང་སྦྱོང་བརྡར་བྱེད་པར་འདེམས་སྐོང་བྱས་ཏེ། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ལ་རྗེས་གྲབས་སྟོབས་ཤུགས་གསོག་འཇོག་བྱས་པ་དང་། དེ་ནི་ཏང་ཀྲུང་དབྱང་གིས་ལས་བྱེད་པའི་དཔུང་ཁག་ཡུན་རིང་འཕེལ་རྒྱས་གཏོང་བར་དམིགས་ནས་ལག་བསྟར་བྱེད་པའི་འཐབ་ཇུས་ཤིག་ཡིན། རང་ཞིང་གིས་སློབ་མ་འདེམས་སྐོོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རང་ཞིང་གི་ལས་བྱེད་པའི་དཔུང་ཁག་གི་མགོ་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། ཤིན་ཏུ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་འདེམས་གསོ་དང་བེད་སྤྱོད་ཕན་ཚུན་འབྲེལ་མཐུད་དང་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བའི་འབྲེལ་ཐག་ཧྲིལ་པོའི་ལམ་ལུགས་བཙུགས་ཏེ། ཏང་གི་བྱ་གཞག་ལ་རྗེས་འཛིན་པ་ཡོད་པ་དང་བྱང་ཚད་བཟང་བའི་སྟོབས་ཤུགས་གསར་པ་མང་པོ་གསོ་སྐྱོང་བྱས།
འདེམས་སྐོང་སློབ་མ་ཚང་མས“རྒྱལ་ཁབ་ཀྱི་ཆེ་ཕྱོགས”བློ་ལ་བཅངས་ནས་དུས་རབས་གསར་པའི་ན་གཞོན་ལས་བྱེད་པའི་འགན་འཁྲི་དཔའ་ངར་ཆེན་པོས་འཁུར་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། འདེམས་སྐོང་གི་ཐོག་མའི་བསམ་འདུན་སྲུང་བ་དང་ཕུགས་བསམ་དང་དད་སེམས་སྲ་བརྟན་དུ་གཏོང་བ། ཏང་གཤིས་བློ་སྦྱོང་བཅས་བྱ་དགོས་ལ། ཧུར་ཐག་སྒོས་གཞི་རིམ་དུ་གཞི་ཚུགས་ནས་དམངས་དོན་གྱི་བརྩེ་སེམས་ཇེ་ཟབ་ཏུ་སྤེལ་བ་དང་སྒྲིག་ཁྲིམས་མཐའ་གཅིག་ཏུ་སྲུང་བ། མི་ཚེའི་གོམས་ཁ་དང་པོ་ལེགས་པོར་བསྒྱུར་ནས་འབད་བརྩོན་དངོས་སྒྲུབ་དང་། འགན་འཁྲི་ལེགས་པོ་འཁུར་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་སྒོས་ཞུགས་པ་དང་། མཚོ་སྔོན་ཤེས་པ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་བྱས་ཏེ་ལག་ལེན་དངོས་ནས་མཚོ་སྔོན་འཕེལ་རྒྱས་ཀྱི“མཐུད་རྒྱུག་དབྱུག་པ”ཡག་པོ་སྦྲེལ་དགོས་ཞེས་མགྲིན་གཅིག་གིས་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注