རི་ཀླུང་དང་ཆུ་བོ་བརྒལ་ནས་ཅི་ནན་དུ་འཛོམས་ཤིང་། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་ལག་ཟུང་སྦྲེལ་ཏེ་མདུན་དུ་བསྐྱོད།
——2023ལོའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཚོང་འགུགས་མ་འདྲེན་དང་ལེགས་ལྡན་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་ཅི་ནན་དུ་བདེ་བླག་ངང་སྤེལ།
ཟླ4བའི་ཚེས18ཉིན་གྱི་སྔ་དྲོར། 2023ལོའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཚོང་འགུགས་མ་འདྲེན་དང་ལེགས་ལྡན་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་ཧྲན་ཏུང་ཐོག་ཁང་ཆེན་མོ་ནས་རྒྱལ་ཁའི་ངང་སྤེལ། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཙིན་ཙན་རུང་གིས་གསུང་བཤད་གནང་བ་དང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གན་རྒྱར་མིང་རྟགས་བཀོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་ཚོགས་འདུར་ཞུགས། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཁག་ལྔ་བའི་མཚོ་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་གཙོ་སྐྱོང་གནང་།
ཐེངས་འདིའི་འོས་སྦྱོར་ཚོགས་འདུས“རི་ཀླུང་དང་ཆུ་བོ་བརྒལ་ནས་ཅི་ནན་དུ་འཛོམས་ཤིང་། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་ལག་ཟུང་སྦྲེལ་ཏེ་མདུན་དུ་བསྐྱོད”ཅེས་པ་བརྗོད་དོན་དུ་བྱས་ཤིང་། མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དོ་དམ་ཚན་ཆུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཧྲན་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཧྲན་ཏུང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཧྲན་ཏུང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། ཧྲན་ཏུང་ཞིང་ཆེན་ཚོང་དོན་ཐིང་། ཧྲན་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཧྲན་ཏུང་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཧྲན་ཏུང་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཧྲན་ཏུང་ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་མཉམ་འབྲེལ་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པ་ཡིན་ལ། ཧྲན་ཏུང་ཞིང་ཆེན་ཚོང་ལས་སྡེ་ཚོགས་དང་ནུས་རྒྱུ་སྡེ་ཚོགས། ས་ཞིང་སྡེ་ཚོགས། རིག་གནས་ཡུལ་སྐོར་སྡེ་ཚོགས། ཧྲིག་ཀོང་སྔོ་ཚལ་ཐོན་ལས་སྡེ་ཚོགས་བཅས་ཁེ་ལས123ཞུགས་ཡོད་པ་རེད།
འོས་སྦྱོར་ཚོགས་འདུའི་ཐོག་ཧྲན་ཏུང་གིས་མཚོ་བྱང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་གཞི་འོས་སྦྱོར་དང་གན་རྒྱ་འཇོག་པ། ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་མཚོ་བྱང་ཁུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་འགྲེམས་སྟོན་བྱས་པ་དང་། མཚོ་བྱང་ཁུལ་གྱི་སྲ་ཞིང་བརྟན་པའི་ཐོན་ལས་རྨང་གཞི་དང་ཕུགས་རྒྱང་རིང་བའི་འཕེལ་རྒྱས་ཀྱི་ལེགས་ཆ། དྲོ་སྐྱིད་ལྡན་པའི་ཚོང་གཉེར་ཁོར་ཡུག་བཅས་ངོ་སྤྲོད་བྱས་ནས་ཧྲན་ཏུང་དང་མཚོ་སྔོན་ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ་ཁ་གཏད་རོགས་སྐྱོར་དེ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་མཚོ་བྱང་གི་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་རོགས་རམ་བྱས་ཡོད།
འོས་སྦྱོར་ཚོགས་འདུའི་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཁྱོན་ལས་གཞི36ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར10.13ཟིན་ཡོད་པ་རེད། དེའི་ནང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཧྲན་ཏུང་ཞིང་ཆེན་ཐད་གཏོགས་སྡེ་ཁག(ཧྲན་ཏུང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། ཧྲན་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཧྲན་ཏུང་ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་མཉམ་འབྲེལ་ཁང་། ཆུས་ཧྥུའུ་དགེ་འོས་སློབ་ཆེན། ལེའོ་ཁྲིན་སློབ་ཆེན)དབར་འཐབ་ཇུས་མཉམ་ལས་གྲོས་མཐུན5བཞག་པ་དང་། (ཧྲུའེ་ཧྥ་ཧྲིན་ནུང་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་དང་། ཧྲན་ཏུང་དབྱི་མིན་འགྲིམ་འགྲུལ་མ་འཇོག་འཕེལ་རྒྱས་སྡེ་ཚོགས་སྤྱི་གཉེར་ཁང་། ཞའོ་ཧྲི་ཕིང་རིག་གནས་སྨྱན་སྦྱོར་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་། ཀྲུང་ནུང་ཅིག་ཏིན(ཐེན་ཅིན)སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ཧྲིག་ཀོང་སྔོ་ཚལ་ཐོན་ལས་སྡེ་ཚོགས། ཧྲན་ཏུང་ཡུས་མིང་དབྱང་ཚོང་དོན་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་། གྲོགས་པོ་བཟང་བོ་འོ་ལས་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ཅིན་ཀུའུ་ཆོན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་། ལིན་དབྱི་ཨའེ་དབྱི་ཞིང་ལས་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ཧྥུའུ་པང་ཅུན་ཡས་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ཞི་ཅ་གཅེས་ཉར་སྲོག་ཆགས་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་། ལེའོ་ཁྲིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་ལས་རིགས་མཐུན་ཚོགས། མདའ་བཞི་ཧྲན་ཧའེ་ཅིན་ཞིང་ཕྱུགས་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་། པིན་ཀྲོའུ་ནུས་རྒྱུ་གསར་བའི་སྡེ་ཚོགས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་། ཧྲན་ཏུང་ཞིང་ཆེན་འཁྲབ་སྟོན་སྡེ་ཚོགས། ཧྲན་ཏུང་པེན་ཧྲེང་རིག་གནས་ཡུལ་སྐོར་ལུས་རྩལ་ཐོན་ལས་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་། ཝུའེ་ཧའེ་རིག་གནས་ཡུལ་སྐོར་སྡེ་ཚོགས)བཅས་ཁེ་ལས17གྱི་ཐོན་ལས་མ་འཇོག་རིགས་ཀྱི་ལས་གཞི17ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར8.83ཟིན་ཡོད། ཁེ་ལས3གྱི(ཝུའེ་ཧའེ་པོ་ལིན་ཧྲིན་ཁང་ཁུང་དབྱང་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་། ཧྲན་ཏུང་ལེའོ་ཁྲིན་ཏུང་ཧུའེ་གཟན་ཆས་ཚད་ཡོད་སྤྱི་གཉེར་ཁང་། པིན་ཀྲོའུ་ཀྲེང་ཧྲི་ཁྲེང་ཅིན་ལག་རྩལ་གཞན་སྒྱུར་དང་གྲུབ་འབྲས་གཞན་སྒྱུར་ཞབས་ཞུ་ལྟེ་གནས)ལག་རྩལ་མཉམ་ལས་རིགས་ཀྱི་ལས་གཞི3ལ་གན་རྒྱ་བཞག་པར་མ་དངུལ་སྒོར་ཁྲི1100ཟིན། ཁེ་ལས10ཡི(ཧྲན་ཏུང་མཁོ་འཚོང་མཁོ་སྤྲོད་འབྲེལ་ཐག་དོ་དམ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་དང་། ཅ་ཅ་ཡའོ་སྡེ་ཚོགས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། རུའུ་ཧྲན་གྲོང་ཁྱེར་ཧའེ་ཐན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་། ཝུའེ་ཧའེ་གྲོང་ཁྱེར་ཁྲང་དབྱང་ཁེ་ལས་ཚད་ཡོད་སྤྱི་གཉེར་ཁང་། གསར་བརྗེའི་དབྱི་མོང་ཧྲན་དོང་ཚོང་ལས་གཉེར་སྐྱོང་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་དབྱི་མོང་རྒྱལ་སྤྱིའི་མཁོ་སྤྲོད་འབྲེལ་ཐག་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ཅིང་དབྱང་ཀང་ཆང་ལས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། ལིན་ཆིང་གྲོང་ཁྱེར་ཅུན་པོ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་། ལུའུ་པིན་འབྲུ་མཛོད་པིན་ཀྲོའུ་ཞིང་ལས་ཐོན་རྫས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་། ཧྲན་ཏུང་ཞིང་ཆེན་དབྱང་ཤིན་རྫོང་ཧྥུའུ་ཨན་དབྱི་སི་ལན་ཤ་རིགས་ཚད་ཡོད་སྤྱི་གཉེར་ཁང)ཉོ་སྒྲུབ་ལས་གཞི11ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར1.19ཟིན་ཡོད། ལེགས་ལྡན་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་དུ་མཚོ་བྱང་ཁུལ་ནས་ཡོང་བའི་ལྗང་མདོག་སྐྱེ་ལྡན་སྐམས་ཤ་དང་ལུག་ཤ ནས་ཀྱི་ཐོན་རྫས། འོ་མའི་ཐོན་རྫས། རང་བྱུང་སྦྲང་རྩི། ལྷད་མེད་བཏུང་ཇ། སི་སྐུད་ཐང་གའི་སྒྱུ་རྩལ་ཐོན་རྫས་སོགས་ཐོན་རྫས་རིགས30ལྷག་ཙམ་འགྲེམས་སྟོན་བྱས་ནས་སྐུ་མགྲོན་ལ་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ལེགས་གཤིས་རྒྱུད་མངོན་པར་བྱས་པར་མ་ཟད། ཟུར་མང་པོའི་ཐོག་ནས་ཁྱད་ལྡན་སྤུས་ལེགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས་མངོན་ཡོད།
རྨ་ཆུ་སྔོན་མོ་མཉམ་འཐུང་བྱས་པས་ཧྲན་ཏུང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ། 2010ལོར་ཀྲུང་དབྱང་གིས་ཧྲན་ཏུང་གིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་གཏན་འཁེལ་བྱས་པ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར25.54བཏང་བ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣ2100ལྷག་ཙམ་གངས་ལྗོངས་ས་མཐོར་མངགས་ཏེ་ནུས་ཤུགས་ཡོད་རྒུས་རོགས་སྐྲུན་བྱས་ལ། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་སེམས་པ་གཅིག་ལ་ཕྱོགས་ཤིང་མཐུན་པའི་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཤིང་། འབྲེལ་གཏུག་དང་བརྗེ་རེས་མཉམ་ལས་བྱ་བར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་སྤེལ་བ་དེ་ནི་ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་ཏན་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱ་བའི་ཚོགས་འདུ་ཐེངས་གསུམ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “ལྔ་བཅུ་བཞིའི”མཚོ་སྔོན་ལ་རོགས་སྐྱོར་འཆར་འགོད་ཚད་གཞི་མཐོན་པོས་ལག་བསྟར་བཅས་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས། ས་གནས་གཉིས་དབར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་སྔར་ལས་གཏིང་ཟབ་ཏུ་བཏང་བ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འགྲོ་འོང་བྱེད་ཚད་ཇེ་ཟབ་ཏུ་བཏང་བ། ཐོན་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཧྲན་ཏུང་དང་མཚོ་སྔོན་གྱི་ས་གནས་གཉིས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
ཧྲན་ཏུང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཝུའེ་ཧའེ་དང་ལིང་དབྱི། ལེའོ་ཁྲིན། པིན་ཀྲོའུ་བཅས་གྲོང་ཁྱེར་བཞིའི་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚན་ཆུང་གི་འགན་འཁུར་བློ་མཐུན་དང་། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་རྫོང་བཞིའི་འགན་འཁུར་བློ་མཐུན་བཅས་དང་། འབྲེལ་ཡོད་ཚོང་ལས་མཐུན་ཚོགས་ཀྱི་འཐུས་མི། གསར་འགྱུར་སྨྱན་སྦྱོར་གྱི་གྲོགས་པོ་སོགས་མི265ཐེངས་འདིའི་འོས་སྦྱོར་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注