ཤ་བོ་སྐྱབས་ཁུལ་མི་རིགས་རྟེན་མཛོད་ཁང་དང་ནུབ་མཚོ་ལུས་རྩལ་ར་བ། ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ། 


   ཟླ4བའི་ཚེས3ཉིན་ནས་ཚེས4ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་མི་རིགས་རྟེན་མཛོད་ཁང་དང་ནུབ་མཚོ་ལུས་རྩལ་ར་བ། ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ་ལ། མི་རིགས་རྟེན་མཛོད་ཁང་གི་འགྲེམས་སྟོན་རྣམ་པ་དང་། ནུབ་མཚོ་ལུས་རྩལ་ར་བའི་སྒྱུར་བཀོད་ལས་གྲྭ། ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་བེད་སྤྱོད་བྱ་བར་སླར་ཡང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་སོ་སོར་ཡུལ་དངོས་ནས་གཞུང་དོན་སྤེལ་བར་ཞུགས།

   ཁུལ་མི་རིགས་རྟེན་མཛོད་ཁང་དུ་ཤ་བོ་སྐྱབས་ཀྱིས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་འགྲེམས་སྟོན་དང་འགྲེལ་བཤད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འགྲེམས་སྟོན་བཀོད་སྒྲིག་བྱས།  ཁོང་གིས་མཚོ་བྱང་ནི་མི་རིགས་མང་བོ་གཅིག་ཏུ་འདུས་ཤིང་ལོ་རྒྱུས་ཡུན་རིང་ལྡན་ལ།  མི་ཆོས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པས་ཁུལ་མི་རིགས་རྟེན་མཛོད་ཁང་གིས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྣ་མང་རིག་གནས་ཀྱི་དགོས་མཁོ་སྐོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན། རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་བསྡུ་རུབ་ཉོ་སྒྲུབ་དང་འགྲེམས་སྟོན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་ཁྱོན་ཡོངས་ཀྱི་འགྲེམས་སྟོན་ཆུ་ཚད་མུ་མཐུད་མཐོ་རུ་བཏང་སྟེ་དེ་ཉིད་ཧུར་ཐག་སྒོས་མཚོ་བྱང་དྲིལ་སྒྲོག་དང་མཚོ་བྱང་འགྲེམས་སྟོན།    མཚོ་བྱང་འོས་སྦྱོར་བཅས་བྱེད་པའི་རིག་གནས་ལས་སྟེགས་ཤིག་ཏུ་བཏོད་ནས་མཚོ་བྱང་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་སྣང་བརྙན་ཁྱོན་ཡོངས་ནས་མངོན་པ་བྱེད་དགོས་ལ། མཁྲེགས་ཆས་དང་མཉེན་ཆས་འཛུགས་སྐྲུན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འགྲེམས་སྟོན་གྱི་བྱ་བ་ཁྱོན་ཡོངས་ནས་ཡག་པོར་སྒྲུབ་པ་དང་ཟུར་ཚད་མང་པོའི་ཐོག་ནས་མཚོ་བྱང་ཁུལ་དུ་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་རིང་མཚོ་བྱང་གི་རིགས་སོ་སོའི་མི་དམངས་མང་ཚོགས་མཐོ་སྒང་དུ་གཞི་ཚུགས་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རྒྱུན་མཐུད་འབད་འཐབ་བཅས་བྱས་ནས་བྲིས་པའི་མཚོ་བྱང་འཛུགས་སྐྲུན་གྱི་ལོ་རྒྱུས་དང་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་འགྲེམས་སྟོན་བྱེད་དགོས་པ་ནན་གྱིས་བསྟན།




   ནུབ་མཚོ་ལུས་རྩལ་ར་བར་ཤ་བོ་སྐྱབས་ཀྱིས་ཨར་ལས་ཀྱི་འཕེལ་རིམ་དང་སྒྲིག་བཀོད་འགན་ལེན། བདེ་འཇགས་འགོག་སྲུང་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་དང་། འབྲེལ་ཡོད་གནད་དོན་རེ་རེ་བཞིན་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་ལས་འགན་བཀོད་སྒྲིག་བྱས། ཁོང་གིས་ཁུལ་སྟོན་ལས་གཞི་འཛུགས་སྐྲུན་གྱི་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བས་འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲིའི་ལས་བགོས་གཞིར་བཟུང་ལས་འགན་སླར་ཡང་ཁག་བགོས་དང་ཞིབ་ཕྲ། དོན་འཁྱོལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བསྐྱར་སྐྲུན་ལས་གཞི་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ལས་གཞི་འཛུགས་སྐྲུན་ལས་ཁུངས་ཀྱིས་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ཨར་སྐྲུན་གྱི་མྱུར་ཚད་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ཏེ་ཀྲུའུ་ཞི་སྟེགས་བུ་དང་གར་སྟེགས། རྟ་རྒྱུག་ལམ། གསང་སྤྱོད། ལུས་རྩལ་ར་བའི་ནུབ་ངོས་ཀྱི་ཉི་སྒྲིབ་པང་ལེབ། ལྟད་མོ་བའི་རྐུབ་སྟེགས་སོགས་བསྐྱར་སྐྲུན་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། ལུས་རྩལ་ར་བའི་གློག་རྡུལ་བརྙན་ཤེལ་གཉིས་ལ་ཞིབ་བཤེར་ཡག་པོ་བྱེད་པ་དང་མདའ་འཕེན་ཁང་གི་བཟོ་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། ལས་ཡུན་ལྡོག་སྒྲིག་བྱེད་པ། རི་མོ་བཀལ་ནས་དམག་འཐབ་བྱེད་པ། ལས་གཞི་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དུས་རིམ་ལྟར་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། སྣེ་ཁྲིད་མགོ་ཁྲིད་སོ་སོས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་དམ་འཛིན་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་དང་མདུན་དུ་བཀོད་འདོམས་བྱེད་པ། ཞིབ་ཕྲའི་བྱ་བར་ཞིབ་འཇུག་དང་མཛུབ་ཁྲིད། ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞི་མགྱོགས་མྱུར་འཛུགས་སྐྲུན་བྱེད་པར་ཆ་རྐྱེན་བཟང་བོ་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག བསམ་ཕྱོགས་གསར་གཏོད་དང་ཞིབ་ཕྲའི་གནས་ཚུལ་ལ་མཐོང་ཆེན། ཚན་རིག་དང་མཐུན་པའི་སྒོ་ནས་རླངས་འཁོར་འཇོག་ས་བཀོད་སྒྲིག་ལུགས་མཐུན་བཅས་བྱས་ཏེ་བགྲོད་ལམ་དང་ལུས་རྩལ་ར་བའི་མཚོན་རྟགས་དང་བྱང་བུ་གསར་སྒྱུར་ཡག་པོ་བྱས་ནས་རྒྱ་ཆེའི་སྐུ་མགྲོན་དང་ཡུལ་སྐོར་བར་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།

   ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བཟོ་སྐྲུན་བསྡོམས་རྩིས་ཞིབ་བཤེར་རྩིས་ལེན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གཏིང་ཟབ་བྱས་རྗེས་ཡུལ་དངོས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཚོགས་ཞུགས་མི་སྣས་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སྔར་བས་བེད་སྤྱོད་བྱ་རྒྱུའི་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། ཁོང་གིས་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་ནུས་པ་ཆ་ཚང་ལ་སྒྲིག་ཆས་འཐུས་ཚང་བས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐད་ནུས་པ་གལ་ཆེན་ཐོན་ཡོད། གོམ་སྟབས་རྗེས་མར་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་རིག་གནས་ཡུལ་སྐོར། སྨན་བཅོས་ཁམས་གསོ་སོགས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་བཀོད་སྒྲིག་བྱ་རྒྱུར་དོ་སྣང་བྱས་ནས་ད་ཡོད་སྒྲིག་བཀོད་ཀྱི་ནུས་པ་གང་ལེགས་སྤྱོད་དགོས་པ་ནན་གྱིས་བསྟན། ཁོང་གིས་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ“ཚན་གཙོ་གཉིས”ཀྱི་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ནས་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་བེད་སྤྱོད་བྱ་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ཁུལ་སྲིད་གཞུང་གི་ལས་བགོས་འགན་འཁུར་མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་ལ་འཚམས་འདྲི་བྱས་ཏེ་འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་ནས་སྨན་བཅོས་དང་ནད་གསོ། གཟུགས་པོར་བརྟག་དཔྱད། སྨན་ལུམས་སོགས་ལ་དམིགས་ནས་སྔར་བས་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་ཏེ་གོམ་སྟབས་རྗེས་མའི་ཐབས་ཇུས་ལ་གཞི་འཛིན་ས་གང་ལེགས་མཁོ་འདོན་བྱེད་དགོས། ཁུལ་སྲིད་གཞུང་གི་ལས་བགོས་དོ་དམ་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གསོ་སྦྱོང་དང་རིག་གནས་ཡུལ་སྐོར། ཁམས་གསོ་སོགས་ཀྱི་ཐད་དམིགས་ཏེ་ཞིབ་ཕྲའི་བཀོལ་སྤྱོད་ཀྱི་གྲོས་འགོའི་ཇུས་གཞི་འདོན་དགོས་པ་དང་། ཁུལ་ཨུའི་རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་དེ་མང་ཚོགས་ཚོགས་པའི་མཐུན་སྦྱོར་ཅན་འཛུགས་སྐྱོང་དང་ཏང་གི་སློབ་གྲྭའི་གསོ་སྦྱོང་སོགས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་བེད་སྤྱོད་གཏོང་རྒྱུའི་ཇུས་གཞི་འདོན་དགོས་ལ། མདའ་བཞི་རྫོང་སྲིད་གཞུང་དང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་རྒྱལ་ཁབ་མ་འཇོག་ཀུང་སིས་གཞོགས་འདེགས་དམ་ཟབ་དང་རང་འགན་རང་འཁུར་བྱས་ནས་ནུས་ཤུགས་ཡོད་རྒུས་ཁམས་གསོ་ལྟེ་གནས་ཀྱི་ལས་གཞི་བསྡོམས་རྩིས་རྒྱག་པ་དང་ཞིབ་བཤེར་རྩིས་ལེན་གྱི་བྱ་བ་ཡག་པོར་སྒྲུབ་དགོས་པའི་བླང་བྱ་བཏོན། 

   ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་མགོན་པོ་ཚེ་བརྟན། ཝང་ཀྲུང་དབྱི། ཧ་ཝུན་ཞུག དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་། མདའ་བཞི་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་སོ་སོར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号