ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ལན་གྲུ་རུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།

   ཟླ3པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ཀན་སུའུ་ཞིང་ཆེན་རྟེན་མཛོད་ཁང་དང་ལན་གྲུ་རུ་བཅའ་སྡོད་བྱས་པའི་དམག་སྡེ་བརྒྱད་པའི་དོན་གཅོད་ཁང་གི་དྲན་གསོ་ཁང་དུ་བསྐྱོད་དེ་ཡུལ་དངོས་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས། ཁུལ་གྱི་མགོ་ཁྲིད་དབྱང་ཧེ་ལུང་དང་གཡུ་སྒྲོན་མཚོ། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ལི་ཞུ་ཀྲེན། དབྱིན་མོ་ཝུན། ཞའོ་རོས་ཞིན་བཅས་དང་དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།

   ཀན་སུའུ་ཞིང་ཆེན་རྟེན་མཛོད་ཁང་དེ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་།  རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི། གྲ་སྒྲིག་དམག་གི་རྒྱལ་སྲུང་སློབ་གསོའི་རྟེན་གཞི།  ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་བཅས་ལ་བདམས་པ་དང་།  དྲིལ་སྒྲོག་དང་སློབ་གསོ། རིག་གནས། ཡུལ་སྐོར་བཅས་ཀྱི་ནུས་པ་འཛོམས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་མཛོད་ཁང་ཞིག་རེད། རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པས་སྔ་རྗེས་སུ་དར་གོས་ཚོང་ལམ་གྱི་འགྲེམས་ཁང་དང་ཚོན་རྫ་འགྲེམས་ཁང་སོགས་ལ་ལྟ་སྐོར་བྱས་ཏེ། རྟེན་མཛོད་ཁང་གི་ནུས་པ་གྲུབ་ཚུལ་དང་རིག་དངོས་ལོ་རྒྱུས། དོ་དམ་འཁོར་སྐྱོད། མཉམ་འགུལ་ཉམས་ལེན། གསོག་ཉར་དངོས་རྫས་འགྲེམས་སྟོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས། སྤུན་ཟླའི་གྲོང་ཁྱེར་གྱི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་དང་། དཔྱད་གཞིར་བཟུང་སྟེ་རྟོག་ཞིབ་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་དེ་ཚན་རིག་མ་ལག་གིས་མཚོ་བྱང་གི་དོན་དངོས་དང་འདྲེས་སུ་བཅུག་སྟེ་རྟེན་མཛོད་ཁང་གི་ཇུས་འགོད་དང་འགྲེམས་སྟོན་ནུས་པ། ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་བཏང་སྟེ་རྟེན་མཛོད་ཁང་སོ་སོ་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱེད་པའི་དྲིལ་སྒྲོག་ལས་སྟེགས་ཤིག་ཏུ་འགྱུར་བར་བྱེད་དགོས་ཤིང་། གསར་གཏོད་བྱེད་ཕོད་པ་བྱས་ཏེ་རིགས་སོ་སོའི་རྟེན་མཛོད་ཁང་གི་འགྲེམས་སྟོན་ལས་གཞི་འཛུགས་སྐྲུན་དང་། རྟེན་མཛོད་ཁང་དུ་ཉར་ཚགས་བྱེད་པའི་རིག་དངོས་བསྡུ་རུབ་ཐད་ཀྱི་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས་ལ།  ཁུལ་ཡོངས་ཀྱི་རིག་དངོས་བསྡུ་ལེན་དང་སྔོག་འདོན་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་རྟེན་མཛོད་ཁང་གི་སློབ་གསོ་དང་བློ་སྟོན། ཞིབ་འཇུག རིག་དངོས་སྲུང་སྐྱོབ་སོགས་ཀྱི་གཞི་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྟེན་མཛོད་ཁང་དེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་སློབ་གསོ་གཏོང་བ། རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེ་བཞིན་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པར་བསྟན།

   ལན་གྲུ་རུ་བཅའ་སྡོད་བྱས་པའི་དམག་སྡེ་བརྒྱད་པའི་དོན་གཅོད་ཁང་གི་དྲན་གསོ་ཁང་ནི་ཀན་སུའུ་ཞིང་ཆེན་གྱི་འཇར་འགོག་དམག་འཁྲུག་དྲན་གསོ་ཁང་གཅིག་པུ་དེ་ཡིན་ཞིང་། དེར་ཅུག་ཆོན་ལམ་གནའ་ཤུལ་དང་ཀན་ལྷོ་ལམ་གནའ་ཤུལ་གཉིས་ཡོད་ལ། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་དང་། གསར་བརྗེའི་ཡུལ་སྐོར་ཁག་དང་པོའི་རྒྱལ་ཡོངས་ཀྱི་རྩེར་སོན་མཛེས་ལྗོངས་ཁུལ་དང་ལམ་ཐིག་རྩེ་གྲ་སུམ་ཅུ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་དང་རྒྱལ་ཁབ་རིམ་པའི་ཁག་གསུམ་པའི་འཇར་འགོག་དམག་འཁྲུག་དྲན་གསོའི་སྒྲིག་བཀོད་དང་རྗེས་ཤུལ་སོགས་ཀྱི་མིང་བཏགས་ཡོད། རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པས་གསར་བརྗེའི་གཏམ་རྒྱུད་དང་མི་སེམས་འགུལ་བའི་བྱས་རྗེས་སྣ་ཚོགས་ལ་ནན་ཏན་གྱིས་ཉན་ཞིང་། དྲན་གསོ་ཁང་གི་འགྲེམས་སྟོན་ནང་དོན་ལ་ལྟ་སྐོར་ཞིབ་ཕྲ་བྱས་ཏེ་འགྲེམས་སྟོན་གྱི་མཚོན་ཚུལ་དང་རྣམ་པ་གྲུབ་པའི་ཕན་འབྲས་ལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས། གསར་བརྗེའི་རིག་དངོས་དེ་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བ། མི་རིགས་སྙིང་སྟོབས་རྒྱས་པ་བཅས་ཀྱི་གསོན་ཉམས་ལྡན་པའི་བསླབ་གཞིར་བརྩི་དགོས་པ་དང་། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གིས་སྣེ་ཁྲིད་བྱེད་པ་དང་། རྡུལ་ཕྲན་མཁར་དྲན་གསོ་ཁང་སོགས་རྟེན་གཞིའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ“མདེལ་གཉིས་སྐར་གཅིག”སོགས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ལ་སྐུལ་འདེད་གཏོང་དགོས་ཤིང་། རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནའ་ཤུལ་སོགས་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། གསར་བརྗེའི་རིག་དངོས་ཀྱི་བསམ་པའི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་། སྤྱི་ཚོགས་ཀྱི་རིན་ཐང་བཅས་འདོན་སྤེལ་ཡག་པོ་བྱེད་དགོས་ལ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་གི་སྙིང་སྟོབས། དུས་རབས་ཀྱི་མིག་དཔེ་སྐལ་བཟང་གི་སྙིང་སྟོབས། མཐོ་སྒང་གི་སྙིང་སྟོབས། ད་ཡོད་ཀྱི་རྗེས་ཤུལ་དང་རིག་དངོས་བེད་སྤྱོད་ཡག་པོ་བྱས་ནས་མཐོན་པོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ཤིང་། ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ནས་ཐོན་སྐྱེད་དང་ཡུལ་སྐོར། སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་བ་ཞིག་ཆགས་སུ་འཇུག་དགོས་པར་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号