མདོ་ལ་རྫོང་གིས་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་བརྟན་ལྷིང་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

2024ལོར་མདོ་ལ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་གཉིས་པ། ཚང་འཛོམས་གྲོས་ཚོགས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་སུ་གསུངས་པའི་གསུངས་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་དངོས་འབེབས་གཏིང་ཟབ་བྱས། བདེ་ཐང་མདོ་ལའི་འཛུགས་སྐྲུན་ལ་དམ་པོར་དམིགས་ཤིང་སྨན་བཅོས་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ནས་རྫོང་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཧུར་གྱིས་ཕྱེས།

སྨན་བཅོས་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ། སྨན་ལས་སྒྱུར་བཅོས་ལས་དོན་སྲིད་གཞུང་མ་འཇོག་ལམ་སྲོལ་བཙུགས་ཤིང་། ཧྲུན་ཏུང་མཚོ་རོགས་དང་མཚོ་སྐོར་སྨན་རོགས་སོགས“ཚོགས་སྒྲིལ་རྣམ་པའི”རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས་ཞིང་ཆེན་དང་རྫོང་གི་ཁྱད་ཆོས་འབུར་ཐོན་གྱི་ནད་ཐོག་ཚན་ཁག8བཙུགས་ལ། མཚོ་རོགས་ཁྱད་ལྡན་ཚན་ཁག་དང་བརྟག་བཅོས་ལྟེ་གནས4 རྒྱལ་ཁབ་རིམ་པའི་བྲང་གཟེར་ལྟེ་གནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད། ལུས་ཕྱིའི་རྡོ་ཧྲུག་ལག་རྩལ་དང་རྨེན་ནད་རྨ་ཆུང་གཤག་བཅོས་སོགས་གཤག་བཅོས་ཐོག་དང་བོར་སྤེལ། “ཀྲུང་བོད་ལུགས་ཉིན་ལམ་ནད་ཁང”དངོས་སུ་བདེ་སྤྱོད་བྱེད་མགོ་ཚུགས་ཡོད། འདི་ཡིས་སྨན་བཅོས་ཐོན་ཁུངས་བྱེད་ཚད་མཐོ་རུ་བཏང་ལ་ནད་པའི་སྨན་སྡོད་ཞག་བཅོས་དུས་ཚོད་ཐུང་དུ་བཏང་ནས་ནད་པའི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་བཏང་།

ཀྲུང་བོད་སྨན་ལུགས་ཀྱི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། “ཞབས་ཞུ་ལེགས་པོ་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ”ཡི་བླང་བྱ་དངོས་འབེབས་བྱས་ཤིང་། བོད་སྨན་ལག་རྩལ་གྱིས་གཞི་རིམ་གྱི་རྒྱུན་མཐོང་ནད་ཀྱི་འགོག་བཅོས་དང་། འབྱུང་མང་ནད་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས། “བོད་སྨན་འཚམ་མཐུན་ལག་རྩལ་ཁྱབ་གདལ་ལྟེ་གནས”སྒོ་བྱང་བཀལ་ནས་བཙུགས་ཏེ་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ཁྱབ་གདལ་དུ་བཏང་། མདོ་ལ་རྫོང་བོད་སྨན་ཁང་གིས་རྒྱུན་འཛིན་འཕེལ་རྒྱས་ཀྱི་རྨང་གཞི་སྟེང་གསར་གཏོད་བྱས། སྔར་གྱི་སྨན་ལུམས་སྟེང་ཐུན་མིན་གྱི་སྨན་སྣ་དང་ལག་རྩལ་བཀོལ་ཏེ་ནད་རིགས་འགོག་བཅོས་ཀྱི་ཐད་ལེགས་ཆ་གསར་བ་བསྣན། གཞན་ད་དུང《བོད་སྨན་ནད་ཐོག་ཉམས་མྱོང་གཅེས་བསྡུས》པར་སྐྲུན་འགྲེམ་སྤེལ་བྱས།

རིམས་ནད་གཙོ་བོའི་འགོག་སྡོམ་ནུས་པ་ལ་མུ་མཐུད་ཤུགས་བསྣན་པ། རིམས་འགོག་ལས་ཁུངས་ཀྱི་གསར་བརྗེ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། ཆེད་ལས་རུ་ཁག་གི་ནུས་པའི་བྱང་ཚད་ཤུགས་ཆེན་པོས་མཐོ་རུ་བཏང་། བྱི་རིམས་སོགས་རིམས་ནད་ཆེན་པོ་དང་ས་གནས་ནད་ཀྱི་ལྟ་ཞིབ་བྱ་བ་ཏན་ཏིག་གིས་སྤེལ། ས་གནས་ནད་ཀྱི་འགོག་བཅོས་བྱ་བ་ཏན་ཏིག་གིས་དོན་འཁྱོལ་བྱས་ནས་ཐུམ་འབུའི་ནད་ཀྱི་ཡིག་ཚགས་བཟོ་བ་དང་དོ་དམ། འདྲི་བཅར། བཅོས་སྐྱོང་སོགས་ཀྱི་བྱ་བར་རྒྱུན་མཐུད་སྐུལ་འདེད་བཏང་། ལོ་འདིའི་ནང་མཁར་གྲོང་གྲོང་སྡེ་ཡི་ཆུ་སྤུས་ཚད་ལེན་ཐེངས8ལ་བླངས་པ་དང་། སྡོམ་པའི་ཆུ་སྣ485ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་ཚད་ལེན་མཇུག་འབྲས་ཡོངས་རྒྱལ་ཁབ་ཀྱི་འཚོ་བའི་བཏུང་ཆུའི་འཕྲོད་བསྟེན་བདེ་ཐང་གི་ཚད་གཞི་ལ་ལོངས།

སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རྒྱུན་མཐུད་ཇེ་ལེགས་སུ་བཏང་བ། 2024ལོར་རྫོང་ཡོངས་སུ་གློག་རྡུལ་ཡིག་ཚགས་སྡོམ་པའི47639བཟོས་ཤིང་། གློག་རྡུལ་ཡིག་ཚགས་སྐྲུན་ཚད99.25%ཡིན། རྒན་པའི་ལུས་པོ་བརྟག་དཔྱད་དགོས་ཚད་མི3190དང་དེའི་ཁྲོད3013ལ་བརྟག་དཔྱད་བྱས་ཏེ་ཚད94.45%ཡིན། ལོ་འཁོར་གྱི་བརྟག་དཔྱད་འོས་འགན་ཡོངས་སུ་འགྲུབ། དོ་དམ་བྱེད་བཞིན་པའི་ཁྲག་ཤེད་མཐོ་བའི་ནད་པ་མི2256དང་། རིམ་པ་གཉིས་པའི་གཅིན་སྙི་ནད་པ796ཡོད་ཅིང་བདེ་ཐང་དོ་དམ་བྱེད་ཚད100྇%ཡིན། འཕྲལ་སེལ་སྦྱོང་བརྡར་དང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཐབས་ལམ་བརྒྱུད་སྨན་བཅོས་ལས་ཁུངས་སོ་སོས་འཕྲལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ལས་སྒོའི་ཆུ་ཚད་དང་བྱ་བའི་ནུས་པ་སྔར་བས་མཐོ་རུ་བཏང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号