ཟླ1པོའི་ཚེས15ཉིན་ནས་ཚེས16ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཡོན་ཚོགས་ཆེན་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚོགས་འདུའི་ཐོག་མཚོ་བྱང་ཡན་ལག་དམག་ཁུལ་གྱི་འདས་ཟིན་པའི་ལོ་ལྔའི་བྱ་བར་ཕྱོགས་ཡོངས་ནས་སྤྱི་བསྡོམས་དང་མ་འོངས་པའི་ལོ་ལྔའི་འབད་འཐབ་དམིགས་ཚད་དང་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་ལ། མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཏུང་གིས་བྱ་བའི་སྙན་ཞུ་ཕུལ།ཚོགས་འདུའི་ཐོག་མཚོ་བྱང་ཡན་ལག་དམག་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་བྱ་བའི་སྙན་ཞུ་དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྐབས་གསར་བའི་ཏང་ཨུའི་ཨུ་ཡོན་དང་སྒྲིག་ཨུའི་ཨུ་ཡོན་བདམས་ཐོན་བྱུང་། ཤ་བོ་སྐྱབས་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་དང་། ལིའུ་ཏུང་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་ལིས་ཞང་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མ་ཧྥུ་མཚོ་བྱང་ཡན་ལག་དམག་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བདམས་ཐོན་བྱུང་།ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཏང་གི་འཐུས་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་སྟེ་བསྟན་དོན། འདས་ཟིན་པའི་ལོ་ལྔའི་རིང་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་དང་དཀའ་ཚེགས་ཆེ་བའི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་འགན་གྱི་མདུན་དུ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུས་དཔུང་སྡེར་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་སྣེ་ཁྲིད་དུ་བཟུང་ནས། ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་འཐབ་ཇུས་མཛུབ་སྟོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམག་དཔུང་གི་བླ་སྲོག་སྐྲུན་པ་དང་རྩ་བ་བརྟན་དུ་གཏོང་བ། བློ་རྩེ་གཅིག་སྒྲིམ་གྱིས་དམག་གྲབས་དམ་འཛིན་དང་རྒྱལ་ཁ་ལེན་ཐབས་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཚན་ཁག་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་བྱེད་པ། ལྷག་བསམ་ཟོལ་མེད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་དབུལ་བ་བཅས་བྱས་ཏེ། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་ལག་ལེན་ཁྲོད་སྤུས་ཚད་མཐོ་བའི་རྒྱུགས་ལན་ཕུལ་ཡོད་ཟེར།ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ"ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་ལྷག་བསམ་ཟོལ་མེད་དང་བློས་འགེལ་ཆོག་པ་མཐའ་གཅིག་ཏུ་བྱ་རྒྱུ"དེ་དཔུང་སྡེ་འཛུགས་སྐྱོང་གི་རྩ་བར་བརྩིས་ནས་དམ་འཛིན་ལྷོད་མེད་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དར་ཆ་བསྒྲེངས་ཏེ་བླ་སྲོག་གཏོད་པའི་ཐད་ཚད་གཞི་སྔར་ལས་མཐོ་བ་འཛུགས་དགོས། གཉིས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་གྱིས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ། ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་ཐད་གྲུབ་འབྲས་སྔར་ལས་ལེགས་པ་ཐོབ་དགོས། གསུམ་ནས་རྒྱལ་ཁ་ལེན་ཐུབ་པར་དམིགས་ཏེ་འཐབ་འཛིང་གི་ནུས་ཤུགས་ཞེས་པའི་རྩ་བའི་ཚད་གཞི་འདི་དམ་པོར་བཟུང་སྟེ། དམག་སྦྱོང་དང་དམག་གྲབས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྗེས་གྲབས་སྟོབས་ཤུགས་སྒྲིག་འཛུགས་དང་སྟོབས་ལྡན་དུ་གཏོང་བ། རྒྱལ་སྲུང་སྐུལ་སློང་གཏིང་ཟབ་སྤེལ་བ། ཞབས་ཞུའི་འགན་སྲུང་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁ་ལེན་པར་ཞབས་འདེགས་ཞུ་བའི་ཐད་ནུས་པ་སྔར་ལས་ཆེན་པོ་དགོས། བཞི་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དང"མཐོ་སྒང"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བཤད་པ། གསར་བརྗེའི་ཉམས་ཞིབ་དང་རྒྱལ་སྲུང་སློབ་གསོར་རྒྱུན་མཐུད་ཤུགས་སྣོན་པ་བཅས་བྱས་ཏེ། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་ཁྲོད་སྟོབས་ཤུགས་སྔར་ལས་ཆེ་བ་གོང་བུར་སྒྲིལ་དགོས། ལྔ་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས"གཉིས་བཀུར་མཉམ་སྐྲུན"གྱི་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་དམག་དཔུང་དང་ས་གནས་ལས་བརྒལ་བའི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐད་རྒྱུན་མཐུད་འགག་སྒྲོལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྲུན་གྱི་སྤུས་ཚད་ཕན་ཚུན་སྐུལ་འདེད་མཉམ་སྐྱོད་དང་དུས་གཅིག་ཏུ་མཐོ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེ་བ་མངོན་པར་བྱེད་དགོས། དྲུག་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་ཚོགས་ཆེན་ཐོག་བཏོན་པའི་ལས་འགན་དང་དམིགས་ཚད་ལ་དམིགས་ནས་ཁ་ཕྱོགས་གནད་ལ་འཁེལ་བ་དང་དམིགས་ཚད་གཏན་འཁེལ། བྱ་ཐབས་ཞིབ་ཚགས་དམ་འཛིན་བཅས་བྱས་ཏེ། མུ་མཐུད་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་བསྐྱོད་དེ། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་རིང་ལེགས་སྐྱེས་སྔར་ལས་ཆེ་བ་དབུལ་དགོས་ཟེར།ལིའུ་ཏུང་གིས་སྐབས་བཅུ་པའི་ཏང་ཨུའི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ་ཏེ་བསྟན་དོན། མ་འོངས་པའི་ལོ་ལྔ་ནི་དུས་བཀག་ལྟར་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་གང་མགྱོགས་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལྡན་པའི་དུས་སྐབས་ཤིག་ཡིན་ལ། རྒྱལ་སྲུང་སྐུལ་སློང་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྱོང་གང་མགྱོགས་བྱེད་པའི་དུས་སྐབས་ཤིག་ཀྱང་ཡིན་པས། མཚོ་བྱང་ཡན་ལག་དམག་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་ཐོག་ལངས་ཏེ་ངེས་པར་དུ་དུས་རབས་ཀྱི་བླང་བྱ་དང་བསྟུན་པ་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ། ལོ་རྒྱུས་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བ་འཚོལ་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་མགོ་རྩོམ་ས་མཐོན་པོའི་ཐོག་ནས་ལེ་ཚན་བཀོད་སྒྲིག་བྱེད་པ་དང་ཚད་གཞི་མཐོན་པོའི་ཐོག་ནས་འཛུགས་སྐྲུན་ལ་དམ་འཛིན་གནད་ལ་འཁེལ་བ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་རབས་ཀྱི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ལག་བསྟར་གཏིང་ཟབ་བྱེད་པ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་བརྟན་དུ་གཏོང་བ། དམག་ཁུལ་ཅན་དང་ལས་འགན་ཅན་གྱི་རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་བྱེད་པར་རྩེ་གཅིག་ཏུ་དམིགས་པ། བསམ་བློ་སློབ་སྦྱོང་དང་གོ་རྟོགས་སད་པ། དམག་གྲབས་ལ་བརྟེན་ནས་རྒྱལ་ཁ་ལེན་པར་འགན་ལེན་གང་ཐུབ་བྱེད་པ། གཞི་རིམ་དམ་འཛིན་ཤུགས་ཆེན་དང་རྨང་གཞི་འདིང་བ། དྲང་སྲུང་གསར་གཏོད་ལ་བརྟེན་ནས་འགག་སྒྲོལ་ཡོང་བར་བྱེད་པ། དག་ཐེར་ཡོ་བསྲང་གཏིང་ཟབ་ཏུ་སྤེལ་ནས་སྐྱེ་ཁམས་སྲ་བརྟན་དུ་གཏོང་བ། ཆོད་སེམས་དང་བློ་རྩ་བརྟན་པོ་ཡོད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བློ་རྩ་བརྟན་པོས་གསར་གཏོད་ཡར་བརྩོན་བཅས་བྱས་ཏེ། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཡན་ལག་དམག་ཁུལ་གྱི་ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཆུ་ཚད་མཐོ་བའི་བདེ་འཇགས་བཅས་ཀྱི་རྣམ་པ་གསར་བ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་གཏོད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། སྲོག་ཤིང་ལ་སྲུང་སྐྱོང་དང་ཏང་གི་བཀོད་འདོམས་ལ་ཉན་པའི་ཐད་ལངས་གནས་གསར་བ་འཛུགས་དགོས་པ་དང་། སྟོབས་ཆེའི་དགྲ་བོར་དམིགས་ནས་དམག་སྦྱོང་དང་དམག་གྲབས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྦྱོང་བརྡར་ནན་མོ་དང་གྲ་སྒྲིག་བྱས་ནས་རྒྱལ་ཁ་ལེན་པའི་ཐད་ཚད་བརྒལ་གསར་བ་ཡོང་བར་བྱེད་དགོས། བཅོས་བསྒྱུར་དམ་འཛིན་བྱས་ནས་སྐུལ་སློང་དང་གྲ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། རིགས་སྒྱུར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ཐད་ཐོབ་བརྒལ་གསར་བ་ཡོང་བར་བྱེད་དགོས། རྩ་དོན་ལྟར་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་གསར་བ་དོན་གཉེར་བྱེད་དགོས། དམག་གྲབས་ལ་དམིགས་ནས་རྗེས་གྲབས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལེགས་བསྡུས་ཞིབ་གཉེར་དང་ལས་ཕྱོད་ཆེ་བ། གནད་སྨིན་འགན་སྲུང་བཅས་ཀྱི་ཐད་ཆུ་ཚད་གསར་བ་མཐོ་རུ་གཏོང་དགོས། དམིགས་ཡུལ་ལག་བསྟར་བྱས་ནས་གཉིས་བཀུར་མཉམ་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གསར་བ་དབུལ་དགོས་ཟེར།མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་རྒྱུན་ཨུ་སོ་སོ་ཚོགས་འདུར་སླེབས།