ཤ་བོ་སྐྱབས་ཀྱིས་མཐོན་པོ་སྒང་གི་མཁའ་དམག་མཁའ་ཟོན་དང་རྫས་མདེལ་མཛོད་ཕུག་གི་གནའ་ཤུལ་ལ་བརྟག་ཞིབ་གནང་སྐབས221རྟེན་གཞིའི་གནའ་ཤུལ་གྱི་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།


   ཟླ2པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཐོན་པོ་སྒང་གི་མཁའ་དམག་མཁའ་ཟོན་དང་རྫས་མདེལ་མཛོད་ཕུག་གི་གནའ་ཤུལ་དུ་བསྐྱོད་དེ་བརྟག་ཞིབ་གནང་ལ། ཡུལ་དངོས་ནས་མཁའ་ཟོན་གབ་ཁུང་དང་རྫས་མདེལ་མཛོད་ཕུག5ལ་ལྟ་ཞིབ་བྱས་ཤིང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཏན་ཏིག་བྱེད་པ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། མཐོན་པོ་སྒང་གི་མཁའ་དམག་མཁའ་ཟོན་དང་རྫས་མདེལ་མཛོད་ཕུག་གི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ནས་མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་འདེགས་སྐྱོར་བྱེད་དགོས་པ་ནན་གྱིས་བསྟན།



   ཤ་བོ་སྐྱབས་ཀྱིས་མཐོན་པོ་སྒང་གི་མཁའ་དམག་མཁའ་ཟོན་དང་རྫས་མདེལ་མཛོད་ཕུག་གི་གནའ་ཤུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས་ཡུལ་དངོས་ནས་གཞུང་དོན་སྤེལ་ཞིང་། ཁོང་གིས་མཐོན་པོ་སྒང་གི་མཁའ་དམག་མཁའ་ཟོན་དང་རྫས་མདེལ་མཛོད་ཕུག་གི་གནའ་ཤུལ་ལ་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཞིང་། སྲུང་སྐྱོབ་དང་བེད་སྤྱོད་ཀྱི་བྱ་བ་ཡག་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགན་ཁུར་འཁུར་སེམས་དང་འགན་འཁྲི་འཁུར་སེམས་སྔར་ལས་ཆེ་རུ་བཏང་ནས་གསར་བརྗེའི་ཐོན་ཁུངས་ཀྱི་ནུས་པ་ཆེ་ཤོས་འདོན་སྤེལ་བྱེད་ཐུབ་དགོས་པར་བསྟན།   


   

   ཤ་བོ་སྐྱབས་ཀྱིས་འབྲེལ་ཡོད་སྡེ་ཁག་སོ་སོས“སྲུང་སྐྱོབ་གཙོ་བོ་དང་མྱུར་སྐྱོབ་དང་པོ། བེད་སྤྱོད་ལུགས་མཐུན་དང་དོ་དམ་ཤུགས་སྣོན”བཅས་ཀྱི་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མཐོན་པོ་སྒང་གི་མཁའ་དམག་མཁའ་ཟོན་དང་རྫས་མདེལ་མཛོད་ཕུག་གི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུ་དེ་མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་གྱི་གྲས་སུ་བརྩིས་ནས་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ་ད་ཡོད་ཀྱི་གནའ་ཤུལ་བེད་སྤྱོད་ཡག་པོ་བྱེད་པ་དང་གསར་བརྗེའི་ཞིབ་འཇུག་དང་གཏམ་རྒྱུད་ཡག་པོར་བཤད་དགོས་ལ།  མཐོན་པོ་སྒང་གི་མཁའ་དམག་མཁའ་ཟོན་དང་རྫས་མདེལ་མཛོད་ཕུག་གི་གནའ་ཤུལ་ལ་བདེ་འཇགས་ཞིབ་དཔྱད་ཚད་ལེན་དང་རྨང་གཞི་ཉམས་གསོ་བྱས་ཏེ་གདོད་མའི་རྣམ་པ་སླར་གསོ་བྱས་ནས་ནུས་ཤུགས་ཡོད་རྒུས་གསར་བརྗེའི་ཞིབ་འཇུག་དང་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་གཏོད་དགོས་པའི་བླང་བྱ་བཏོན།



   ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།    


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号