【གསར་བརྗེའི་ཉམས་ཞིབ།】ལིན་དབྱི་གྲོང་ཁྱེར་ཧྥེ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཕུགས་བསམ་དད་སེམས་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭ་རུ་གཉེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སྔར་ལས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ། མདའ་བཞི་དང་ལིན་དབྱིའི་རེས་སྐོར་གསར་པའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད། ཉེ་ཆར། ལིན་དབྱི་གྲོང་ཁྱེར་ཧྥེ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཕུགས་བསམ་དད་སེམས་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭ་རུ་གཉེར་ལ་ཁྱོན་སློབ་མ51གསོ་སྦྱོང་ནང་ཞུགས།

གསོ་སྦྱོང་ལ་སྔོན་དཔག་གི་ཕན་འབྲས་ཐོན་ཆེད། མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭས་གསོ་སྦྱོང་འཛིན་གྲྭའི་དོན་དངོས་དང་ཁྱད་ཆོས་ལ་དམིགས་ནས་ཆེད་དོན་སློབ་ཁྲིད་དང་། ཡུལ་དངོས་སློབ་ཁྲིད། ཆེད་དོན་ཞིབ་གྲོས། ཉམས་ལེན་སློབ་ཁྲིད། གློག་བརྙན་དང་བརྙན་འཕྲིན་གྱི་སློབ་ཁྲིད་བཅས་ཟུང་འབྲེལ་བྱེད་ཐབས་སྤྱད་དེ་སློབ་ཁྲིད་ཀྱི་ནང་དོན་ཇུས་འགོད་བྱས་ནས་སློབ་མ་ཚོས་ཕྱོགས་ཡོངས་དང་། ལངས་གཟུགས་ཅན་གྱི་སྒོ་ནས་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཤེས་རྟོགས་དང་ཁོང་དུ་ཆུད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་ལྷོད་མེད་བྱས་ཏེ་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号