མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཟླ1པོའི་ཚེས9ཉིན་ནས་ཚེས10ཉིན་བར། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་ལ། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། བརྗོད་དོན་སློབ་གསོའི“དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ། བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་། གཤིས་སྤྱོད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་དག་ཏུ་གཏོང་བ།  དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་དོན་འཁྱོལ་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། སྤྱོད་གཙང་གཞུང་ཞེན་ལ་བརྟེན་ནས་སྲོལ་གསར་གཏོད་པ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་བཅས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ལ། གྲི་ངོ་རང་གཏད་དང་རང་ངོས་གསར་བརྗེ་བྱེད་པ་རྒྱུན་འཁྱོངས། གནད་དོན་ཞིབ་བཤེར་དང་གསལ་སྟོན། སྒམ་བརླིང་ནན་ཏན་གྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་བ། བཅོས་སྒྲིག་བྱེད་ཐབས་འདོན་པ། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་ཏེ་སྔར་ལས་བློ་རྩ་བརྟན་ཞིང་རང་རྟོགས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”ལག་ལེན་རྣམ་དག་བཅས་བྱས། ཀྲུང་དབྱང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་ཚོགས་འདུར་ཕེབས་པ་དང་།  ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་མགོ་ཁྲིད་གདན་ཞུས་ལྟར་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་ལ། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་ཡིས་མཛུབ་ཁྲིད་དང་དཔྱད་བརྗོད་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་ཕྱོགས་སྡོམ་གསུང་བཤད་གནང་ལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཚོགས་འདུར་ཟུར་ཞུགས་གནང་།             


ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོར་འཚོག་རྒྱུར་ཚད་མཐོའི་མཐོང་ཆེན་བྱས། ཚོགས་འདུའི་སྔོན་ལ། བྱ་བའི་ཇུས་གཞི་གཏན་འབེབས་དང་སློབ་སྦྱོང་བགྲོ་གླེང་ཟབ་སྤེལ། སེམས་གཏམ་གླེང་མོལ། དཔེ་མཚོན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་དབྱེ་ཞིབ་གཏིང་ཟབ། ཞིབ་དཔྱོད་དང་ལྟ་ཞིབ་ཀྱི་གནད་དོན་ཁྱོན་ཡོངས་ནས་གསལ་བཀྲོལ། ཚན་ཁག་གི་དཔེ་བསྡུར་ཞིབ་བཤེར་དཔྱད་ཡིག་དང་མི་སྒེར་གྱི་གཏམ་བཤད་དཔྱད་ཡིག་ནན་ཏན་གྱིས་འབྲི་བ་སོགས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས་ནས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོར་འཚོག་རྒྱུར་གྲ་སྒྲིག་གང་ལེགས་བྱས།


ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་གྲ་སྒྲིག་བྱས་ཚུལ་དང་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི2022ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གནད་དོན་གསལ་སྟོན་དང་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་ཁྱབ་བརྡ་བཏང་། ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི་ཚབ་བྱས་ནས་དཔེ་བསྡུར་ཞིབ་བཤེར་དང་སྣེ་ཁྲིད་དེ་མི་སྒེར་གྱི་དབྱེ་ཞིབ་དང་རང་འགུལ་ངང་སྐྱོན་བརྗོད་དང་ལེན་བྱས། རྒྱུན་ཨུའི་བློ་མཐུན་གྱིས་ཚོགས་འདུའི་བརྗོད་དོན་ལ་དམིགས་ནས་རང་ཉིད་དེའི་ནང་ཞུགས་པ་དང་འགན་འཁྲི་དེའི་ནང་འཇོག་པ། བྱ་བ་དེའི་ནང་སྒྲུབ་པ་བཅས་བྱས་ཏེ། ཏང་ལ་བློ་དཀར་སེམས་དཀར་དང་བྱ་གཞག་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་རེ་རེ་བཞིན་དཔེ་བསྡུར་ཞིབ་བཤེར་དང་གྲི་ངོ་རང་གཏད། མངོན་གསལ་གྱིས་གནད་དོན་གསལ་སྟོན། ནང་སེམས་ནས་བརྗོད་པ། སྤྱི་དོན་ལ་དམིགས་ཏེ་ཕན་ཚུན་སྐྱོན་བརྗོད་བཅས་བྱས་པས་བསམ་བློ་གཅིག་གྱུར་དང་ངོས་འཛིན་ཟབ་སྤེལ། མཐུན་སྒྲིལ་དམ་ཟབ། ཐུན་མོང་ཐོག་མཐོར་འདེགས་བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད།


ཞུའེ་ཅན་ཧྭ་ཡིས་དཔྱད་གཏམ་སྤེལ་སྐབས།  ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲ་སྒྲིག་བྱ་བ་ཏན་ཏིག་སྤེལ་བ་དང་གཅིག་སྡུད་སློབ་སྦྱོང་གི་ཕན་འབྲས་མངོན་གསལ་དོད་པ། རང་སྐྱོན་རང་བརྗོད་བྱས་ཏེ་རང་སྐྱོན་ངོས་ཟིན་པ་དང་ཕན་ཚུན་སྐྱོན་བརྗོད་བྱས་ནས་བྱ་བ་ནན་ཏན་གྱིས་སྒྲུབ་པ།  རྒྱུ་རྐྱེན་དབྱེ་ཞིབ་བྱས་ནས་དོན་ཐོག་ཏུ་འཁྱོལ་བ། བཅོས་སྒྲིག་བྱ་ཐབས་ནུས་ལྡན་ངང་སྤྱོད་གོ་ཆོད་པ།  སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་ལ། གོམ་སྟབས་རྗེས་མར། བཅོས་སྒྲིག་ལས་འགན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་དང་གནད་དོན་གྱི་གསལ་ཐོ་ལེགས་འཛུགས། བཅོས་སྒྲིག་འགན་འཁྲི་ནན་འཛིན། བཅོས་སྒྲིག་དུས་ཚོད་ཁ་གསལ་བཟོ་བ། ཏང་གཤིས་བརྟན་པོ་ལ་བརྟེན་ནས་བཅོས་སྒྲིག་ལས་འགན་དོན་འཁྱོལ་དམ་འཛིན་བཅས་བྱ་དགོས་ཤིང་། ཏང་ནང་གི་ཆབ་སྲིད་འཚོ་བ་སྔར་ལས་གཟབ་ནན་དུ་གཏོང་བ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་གསར་གཏོད་བྱེད་ནུས་དང་གོང་བུར་སྒྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་སྔར་ལས་ཆེ་རུ་གཏོང་དགོས། དངོས་སྒྲུབ་འགན་འཁུར་གྱི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་རང་ཉིད་ལ་གནོན་ཤུགས་སྤྲོད་པ་དང་དངོས་སྒྲུབ་ཀྱི་འགན་ཁུར་ཕོད་པར་བྱས་ནས་དངོས་སྒྲུབ་ལ་བརྟེན་ནས་བཅོས་སྒྲིག་གི་འགན་འཁྲི་འཁུར་བ་དང་བཅོས་སྒྲིག་གི་ཕན་འབྲས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་འཚོ་བའི་ཚོགས་འདུ་ཡག་པོར་འཚོག་རྒྱུར་མཛུབ་ཁྲིད་བྱས་ནས་ཏང་ནང་གི་ཆབ་སྲིད་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས་པར་བསྟན། 



ཤ་བོ་སྐྱབས་ཀྱིས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་དཔྱད་བརྗོད་བསམ་འཆར་དང་གནད་དོན་བཅོས་སྒྲིག་དམ་འཛིན་མཐའ་གཅིག་ཏུ་བྱས་ནས་བསམ་ཚུལ་བཏོན་པ་སྟེ། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་མགོ་ཁྲིད་ཚན་ཁག་དང་ཁོངས་མིས་ནུས་ཤུགས་ཡོད་རྒུ་བཏོན་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། རྒྱུན་ལས་ཨུ་ལྷན་གྱི་མགོ་ཁྲིད་ཚན་ཁག་སྟོབས་ལྡན་དང་འགག་སྒྲོལ་དཀའ་སེལ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱེད་པའི་མགོ་ཁྲིད་ཚན་ཁག་ཞིག་ཏུ་འཛུགས་སྐྱོང་བྱ་དགོས། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་རྒྱུན་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྣམ་དག་གི་དད་སེམས་པ་ཞིག་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”དང“ཞིང་དོན་གྱི་ཆེ་ཕྱོགས” “ཁུལ་དོན་གྱི་ཆེ་ཕྱོགས”ལ་དམ་པོར་དམིགས་པ། བྱ་བའི་གནས་ཐིག་གཏན་འཁེལ་དང་ལས་འགན་ཡང་དག་འཚོལ་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་དང་འབད་འབུངས་ཡར་བརྩོན་གྱིས་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པའི་དངོས་སྒྲུབ་མཁན་གྱིས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལྟར་ཞིང་ཆེན་ཏང་ཨུའི“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ་གྱི”བླང་བྱར་དམ་པོར་དམིགས་པ་དང“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་དམིགས་ཏེ་དམིགས་ཚད་ཀྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་ཀྱིས་མཚོ་བྱང་གི་བྱ་གཞག་སོ་སོ་ཡག་པོར་སྒྲུབ་དགོས། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་གིས་དམངས་ཀྱི་ཆེད་དུ་ཁེ་ཕན་དོན་གཉེར་བྱེད་མཁན་ཞིག་བྱས་ནས་ལས་ཞུགས་དང་སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ། རྒན་གསོ། བྱིས་སྙོར། སྡོད་ཁང་སོགས་ཐད་ཀྱི་མང་ཚོགས་ཀྱི“བྲེལ་དཀའ་སྡུག་སྨོན”གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། “གཞི་རིམ་དུ་སྐྱོད་པ་བཞི”ལ་སྣེ་ཁྲིད་ལག་བསྟར་བྱས་ཏེ་མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དང“1+4+N”ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་པར་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ་རྒྱུན་འཁྱོངས་དང་རང་གཅུན་ནན་མོར་བརྟེན་ནས་དབང་ཆ་སྤྱོད་པ། སྒྲིག་ཁྲིམས་ནན་མོར་བརྟེན་ནས་རང་གཅུན་བྱེད་པའི་དཔེ་བཟང་ལག་བསྟར་མཁན་ཞིག་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་དཔོན་རིགས་ནན་སྐྱོང་གི“དྲི་བ་དྲུག”དང་དཔེ་བསྡུར་བྱས་ནས“སྤྱོད་ཚུལ་བཞི”བཅོས་སྒྲིག་ལྷོད་མེད་བྱེད་པ་དང་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་པ། སྤྱོད་ཚུལ་གྱི་གནད་དོན་ཐད“བཟོད་སྒོམ་གཏན་ནས་མི་བྱེད་པ”བཅས་བྱས་ཏེ་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ཤིག་གཏོད་རྒྱུར་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号