ཤ་བོ་སྐྱབས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་གཞིར་བཟུང་སྟེ་བྱ་བ་ཏན་ཏིག་བསྒྲུབ་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཟླ10པའི་ཚེས27ཉིན། ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལྟ་སྦྱོང་ཚོགས་འདུ་དང2023ལོའི་བྱ་བའི་སྐུལ་འདེད་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་གཞོན་པ་ཝུའུ་ཡུག་ཀྲིན་ཚོགས་འདུར་ཕེབས་ནས་མཛུབ་སྟོན་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཚོགས་འདུར་ཕེབས་ལ། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།
ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་སྤྱིའི་བཀོད་སྒྲིག་ལ་དམིགས་ཏེ་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲི་སྔར་བས་ཁ་གསལ་དང་། གཞི་རིམ་རྩ་འཛུགས་ཀྱི་རྨང་གཞི་སྔར་བས་བརྟན་པོ། ཏང་འཛུགས་སྐྱོང་བྱ་བའི་གཞི་རྟེན་སྔར་བས་ཕུན་སུམ་ཚོགས་པ། ལྟེ་བའི་བྱ་བར་སྐུལ་འདེད་སྔར་བས་ཤུགས་ཆེར་གཏོང་དགོས་པར་བསྟན།
ཤ་བོ་སྐྱབས་ཀྱིས་ཏང་འཛུགས་སྐྱོང་བྱ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་རང་ཉིད་ཀྱི་ལས་རིགས་གཉེར་བ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་བརྟན་ལྷིང་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འདུ་ཤེས་བཙུགས་ནས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱེད་མི་ཤེས་པ་དང་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱེད་འདོད་མེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་དེ་དཔེ་སྟོན་ཡག་པོ་བྱས་ནས་རྫོང་དང་ཡུལ་ཚོ་དབར་དང་ཁྱབ་ཁོངས་སོ་སོས་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཆས་རྟགས་གཏོད་པའི་བྱ་བའི་བཀོད་སྒྲིག་ཡག་པོ་བྱེད་པ་དང་། མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་པ། ཏང་འཛུགས་སྐྱོང་གི་ཆས་རྟགས་ཧུར་ཐག་སྒོས་གཏོད་པ་བཅས་བྱས་ནས་ཏང་འཛུགས་སྐྱོང་གི་ཆས་རྟགས་ཕན་འབྲས་མི་འདང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཕྱོགས་སོ་སོ་མཉམ་འགུལ། ཐོན་ཁུངས་བསྡུ་སྒྲིལ། གཙོ་ཁྲིད་ཐོན་ལས་བཅས་ལ་ཤུགས་སྣོན་པ་དང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་གཏིང་ཤུགས་མི་འདང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། སྡེ་བ་རིམ་པའི་བྱེད་སྒོ་སྤེལ་ཡུལ་གྱི“སྤུས་ཚད་མཐོར་གཏོང་བཟོ་སྐྲུན”ལག་བསྟར་ཡག་པོ་བྱས་ཏེ་སྡེ་བ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཁ་གསབ་འཐུས་ཚང་དུ་གཏོང་བ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན་བཟོ་སྐྲུན”སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཡུལ་ཚོ་དང་གྲོང་རྡལ་ལས་བྱེད་པའི་བྱ་བའི་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཞབས་ཞུའི་སྤུས་ཚད་མཐོན་པོ་མེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱེད་དགོས། སྣེ་ཁྲིད་པའི་དཔུང་ཁག་གི་ཡོང་ཁུངས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་པ། སྐུལ་སློང་དང་འགན་ལེན་ལ་ཤུགས་སྣོན་པ་བཅས་བྱས་ཏེ་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གནད་ལ་མི་འཁེལ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ལྟ་སྐུལ་དང་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། དཔྱད་ཞིབ་དང་དཔྱད་དཔོག་ནན་མོ། འཇོན་ནུས་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཐོན་ལས་ཀྱི“གནས་བཞི”དང་སྐྱེ་ཁམས་སྲུང་སྐྱོབ། དུས་བདེ་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། དམངས་འཚོ་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་དགོས་པར་མ་ཟད། ཏང་འཛུགས་སྐྱོང་གིས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པའི་མཉམ་འདྲེས་བྱེད་ཚད་ད་དུང་མི་འདང་བ་དང་གཏིང་ཟབ་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པ་ནན་གྱིས་བསྟན།
ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་གི་ཁྲིད་ཕྱོགས་འཛུགས་དགོས་པ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དངོས་ངེས་པ་དོན་གྱིས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་དེ་ཉིད་གཙོ་གནད་གནད་དོན་ཐག་གཅོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། བྱེད་པོའི་འགན་འཁྲི་ཁུར་ནས་ཏང་འཛུགས་སྐྱོང་གི་འགན་འཁྲིའི་གསལ་ཐོའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས་ལག་བསྟར་བྱས་ཏེ་འགན་འཁྲིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས། མངོན་ཞིབ་ལྐོག་འདྲི་ལམ་ལུགས་དོན་འཁྱོལ་དང་། ཁྱབ་བརྡ་གཏོང་བའི་ལམ་ལུགས་ལ་ཤུགས་སྣོན་པ། འགན་འཁྲི་སྒྲུབ་ཚུལ་བརྗོད་པའི་ལམ་ལུགས་ལ་དམ་འཛིན་བཅས་བྱས་ཏེ་ལམ་ལུགས་དང་སྒྲིག་ལམ་ཇེ་ནན་དུ་གཏོང་བ་དང་། དངོས་གཉེར་གོ་ཆོད་ཀྱི་ལམ་ལུགས་དང་ལམ་སྲོལ་ཞིག་འཛུགས་པའམ་འཐུས་ཚང་དུ་གཏོང་དགོས་ལ། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བཅས་བྱས་ནས“མཚོ་བྱང་ལྔ”བསྐྲུན་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པར་བསྟན།
སི་ཅི་ཧྲིན་གྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་སྟེ། གཅིག་ནས་སློབ་སྦྱོང་དང་ལག་བསྟར། དོན་འཁྱོལ་བཅས་དམ་འཛིན་བྱེད་པའི་ཐད་ཤུགས་སྣོན་དགོས། གཉིས་ནས་གཙོ་གནད་དམ་འཛིན་དང་དཀའ་གནད་སེལ་བ། ཞན་ཆ་གསབ་པ་བཅས་ཀྱི་ཐད་ཤུགས་སྣོན་དགོས། གསུམ་ནས་ཉམས་མྱོང་བསགས་པ་དང་ཁྱད་ཆོས་འབྱུང་བ། ཕན་འབྲས་ཐོན་པ་བཅས་ཀྱི་ཐད་འབད་བརྩོན་བྱ་དགོས།
ཚོགས་ཐོག་ཏུ་རྒྱལ་ཡོངས་རྩ་འཛུགས་བྱ་བའི་ཚོགས་འདུའི་དགོངས་དོན་དང་། བློ་མཐུན་ཚེ་ཆིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཐེངས་དང་པོའི་སྤྱི་བསྡོམས་དང་ཐེངས་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་སྟེང་གནང་པའི་གསུང་བཤད་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་ཚོགས་འདུའི་དགོངས་དོན། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན། ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཡུལ་ཚོ་དང་གྲོང་རྡལ30ཡི་ཏང་ཨུའི་ཧྲུའུ་ཅིསPPTའགྲེམས་སྟོན་ལམ་ནས་བྱ་བའི་སྙན་ཞུ་ཕུལ། རྫོང་བཞིའི་རྫོང་ཨུའི་ཧྲུའུ་ཅིས་ཡིག་ཐོག་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།
ཁུལ་ཨུའི་ཏང་གི་འཛུགས་སྐྱོང་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ། ཐིན་རིམ་པའི་མགོ་ཁྲིད་ལས་བྱེད་པ་རྣམས། རྫོང་སོ་སོའི་རྫོང་ཨུའི་ཧྲུའུ་ཅི་དང་མཚོ་སྔོན་པོ་ཞིང་རའི་ཏང་ཨུའི་ཧྲུའུ་ཅི། རྫོང་སོ་སོའི་རྫོང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་དང་ཏང་འཛུགས་ཁག་བགོས་ཀྱི་པུའུ་ཀྲང་གཞོན་པ། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་རྩ་འཛུགས་ཨུ་ཡོན། སྡེ་བ(གཞིས་ཁུལ)རེ་འགའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འཐུས་མི་བཅས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注